R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༢༨ན
[A:༢༢༨ན]རྒྱལ། བསམ་གླིང་པ་སངས་རྒྱས་འབྱུང་བ། འཁོན་སྟོན་ཐུགས་རྗེ་རིན་ཆེན། བྱང་སེམས་རིན་ཆེན་མགོན་པོ། ཆོས་རྗེ་ཉི་མ་བཤེས་གཉེན། ཆོས་རྗེ་དཀོན་མཆོག་བཟང་པོ། བླ་མ་འཇམ་དབྱངས་མགོན་པོ། བོ་དོང་འཇམ་དབྱངས་རལ་གྲི། ནམ་མཁའ་སྨོན་ལམ། རྗེ་ནམ་མཁའི་སྙིང་པོ། རྗེ་ནམ་མཁའ་རྒྱལ་མཚན། བྱ་འགྱུར་བ་བསོད་ནམས་སེང་གེ །ཡང་དགོན་པ་དཔལ་ལྡན་བཀྲ་ཤིས། སྔགས་འཆང་ཀུན་དགའ་རིན་ཆེན། ངོར་ཆེན་དཀོན་མཆོག་དཔལ་ལྡན། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་ཆེན་ཤེས་རབ་འབྱུང་གནས། ཤར་པ་ཡེ་ཤེས་བཟང་པོ།
རྗེ་དམ་ཆོས་བསམ་འགྲུབ་ཅེས་སྣང་།
མཁས་གྲུབ་སངས་རྒྱས་ཕུན་ཚོགས་མན་བཙལ། ལུང་ལ། ཤར་ཆེན་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པའི་རྗེས་གནང་། དེ་ལ་མཁོ་བའི་རྨོར་ཆེན་རིན་པོ་ཆེའི་གཏོར་ཆོག་རྗེས་གནང་དང་བཅས་པ་སྟེ་ཤར་ཆེན་པའི་གསུང་གོང་དང་འདྲའམ་སྙམ་ལ། ཕྱི་མ་སླར་བཙལ། ༈ གྲུབ་ཆེན་ལ་ལི་ཏ་བཛྲ་ནས་བརྒྱུད་པའི་ལས་ཀྱི་གཤིན་རྗེ་དམ་ཅན་ཆོས་ཀྱི་རྒྱལ་པོ་ལྷ་བཅུ་གསུམ་