[A:༢༢༩བ]པ། བླ་ཆེན་ཡར་སྒོམ་སེ་བོ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། དྲིན་ཆེན་སེང་གེ་བཟང་པོ། བླ་མ་བསོད་ནམས་རྒྱལ་མཆོག །འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། རྡོ་རྗེ་རིངས་པ། ཚར་ཆེན། མཁྱེན་བརྩེ། སྔགས་འཆང་སངས་རྒྱས་རིན་ཆེན། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ། ས་ཆེན་ཀུན་བློ། ལྔ་རིག་པ་ཀུན་དགའ་བཀྲ་ཤིས། བྱམས་པ་ཤེས་རབ་འོད་ཟེར། འཁོན་སྟོན་ཀུན་དགའ་རྒྱལ་མཚན། འཇམ་དཔལ་གཞོན་ནུ་རྡོ་རྗེ་རིན་ཆེན། རྗེ་བླ་མ་མཁྱེན་བརྩེའི་དབང་པོ་ནས་འདྲའོ། །
ལུང་ལ། རྒྱུད་གསང་བ་སྙིང་གི་འཁོར་ལོའི་རྒྱུད་སོགས་བེ་བུམ་ཡོངས་རྫོགས། བསྙེན་སྒྲུབ་གསལ་བྱེད་ཞུ་ཆེན་རིན་པོ་ཆེས་མཛད་པ། ས་ལུགས་རྗེས་གནང་ཀུན་རིན་གྱི་གསུང་རྣམས་ལས་པོད་གཞུང་གོང་དང་འདྲ་ལ། ཞུ་ཆེན་པའི་བཀའ་འབུམ་ལྟར་དང་། གཞན་བཙལ་བར་བྱའོ། །
༈ ཨཱ་ཙརྻ་ཉི་འོད་གྲགས་པ་ལས་བརྒྱུད་དེ་བྱུང་བ་གཉན་ལོ་དར་མ་གྲགས་ཀྱི་བཀའ་སྲུང་དཔལ་