R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༣༤ན
[A:༢༣༤ན]འདྲ། ལུང་ལ། དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་བཀའ་སྲུང་ཐུན་མོང་མ་ཡིན་པའི་མགོན་དཀར་ཡིད་བཞིན་ནོར་བུའི་སྐོར་ལ། དཀར་ཆག །སྒྲུབ་ཐབས་དགོས་འདོད་འབྱུང་བའི་གདམས་ངག་དབང་གི་རྒྱལ་པོ་མཁས་གྲུབ་ཁྱུང་པོས་རྨོག་ལྕོགས་པ་ལ་གདམས་པའི་སྙན་རྒྱུད་མཆན་ཅན། བརྒྱུད་པ་བཅས། བསྟོད་པ་དགོས་འདོད་འབྱུང་བ་ཁྱུང་པོས་མཛད་པ། ལོ་རྒྱུས། གཏོར་ཆོག །མཆོད་འབུལ། སྐོང་བ། རྗེས་གནང་། ལས་ཚོགས་ཐུན་མོང་མ་ཡིན་པ། བུམ་གཏེར་བཅའ་ཐབས། དབང་སྡུད་འཁོར་ལོའི་མན་ངག །སྦྱིན་སྲེག །གཏེར་བུམ་བཅའ་བའི་གདམས་པ་ཟབ་མོ། བསྟོད་པ་ཆོས་དབྱིངས་སྤྲོས་བྲལ་མ་རྨོག་ལྕོགས་ཀུན་དགའ་འོད་ཀྱི་མཛད་པ། རབ་གནས་ཏེ་ཡིག་རྙིང་། སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོ་ཚར་ཆེན་གྱིས་མཛད་པ། སྒྲུབ་ཐབས་དང་རྗེས་གནང་གི་ཡི་གེ་གྲོལ་མཆོག་གསུང་། རྗེས་གནང་གི་ཕྱག་ལེན་བཀླགས་ཆོག་ངག་ཆོས་ཀྱི་མཛད་པ། སྒྲུབ་ཐབས་དབང་གི་རྒྱལ་པོ། སྦྱིན་སྲེག་བཀླགས་པས་དོན་