[A:༢༤༣བ]
ཆེན་མོའི་སྒྲུབ་ཐབས་སྒོམ་ལུང་མན་ངག་དང་བཅས་པ་ལ། འཇམ་དཔལ་དཔའ་བོ་གཅིག་གྲུབ་ལེའུ་གཉིས་པ་ནས་བསྟན་པའི་གསང་སྔགས་ལས་ཚོགས་བཅས་བརྒྱུད་ཀྱི་དུམ་བུ་མཆན་མ་ཁོལ་ཕྱུང་། རིན་འབྱུང་ལས་བྱུང་བའི་སྒྲུབ་ཐབས། གཡང་སྐྱབས་འདོད་རྒུའི་ཆར་འབེབས་ཀརྨ་ཆགས་མེད་ཀྱིས་མཛད་པ། ཟུར་འདེབས་ཡོངས་འདུའི་སྙེ་མ་དང་། མཇུག་ཆོག་ཉུང་ངུར་བསྡུས་པ་འཇམ་མགོན་གུ་ཎས་མཛད་པ་བཅས་ཏེ། རྒྱུད་ཀྱི་དུམ་བུ་དང་། རིན་འབྱུང་གཞུང་ལྟར། གཞན་རྣམས་ཡོན་ཏན་རྒྱ་མཚོ་ལས་རྗེ་མཁྱེན་བརྩེས་གསན་པའོ། །
༈ པཎ་ཆེན་རྡོ་རྗེ་གདན་པ་ནས་བ་རི་ལོ་ཙཱ་བ་ལ་བརྒྱུད་ལྷ་མོ་ཀུན་འཁྱིལ་མཆེད་གསུམ་མམ་དབྱུ་གུ་མཆེད་གསུམ་གྱི་རྗེས་གནང་གཟིམས་འོག་བསྟན་འཛིན་ཕྲིན་ལས་ཀྱི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཇམ་དཔལ་དབྱངས། སློབ་དཔོན་ཀླུ་སྒྲུབ། སློབ་དཔོན་སངས་རྒྱས་ཡེ་ཤེས། ཁ་ཆེ་རིན་ཆེན་རྡོ་རྗེ། རྡོ་རྗེ་གདན་པ་ཆེ་ཆུང་། དེ་གཉིས་ཀས་བ་རི་ལོ་ཙཱ། ས་ཆེན་གོང་མ་རྣམ་ལྔ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ།