R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༤༦ན
[A:༢༤༦ན]གནང་ནི། མཛད་པ་པོ། ཧུ་ཐོག་ཐུ་བློ་གྲོས་ཀུན་དགའ་བསྟན་འཛིན། ལྕང་ལུང་པཎྜི་ཏ། མཆོག་སྤྲུལ་གྲགས་པ་བསྟན་འཛིན། སྡེ་ཁྲི་རིན་པོ་ཆེ་འཇམ་དབྱངས་ཐུབ་བསྟན་ཉི་མ། ཞབས་དྲུང་དཀོན་མཆོག་བསྟན་པ་རབ་རྒྱས། ཆུ་བཟང་པ་ཡེ་ཤེས་རྒྱ་མཚོ། རྒྱུད་སྟོད་དགེ་བཤེས་རྨུ་ལི་བ་སྦྱིན་པ་མཐུ་སྟོབས། བཤེས་གཉེན་དམ་པ་ཡེ་ཤེས་གོང་འཕེལ། རྗེ་མཁྱེན་བརྩེ་ནས་འདྲའོ། ། ༈ སྐྱིད་ཤོད་པས་མཛད་པའི་རྡོར་སེམས་རྗེས་གནང་ཡིག་ལུང་། མཛད་པ་པོ་ནས། དྭགས་པོ་བློ་བཟང་སྦྱིན་པ། ཞི་བ་ལྷ་བཟང་པོ། སེ་ར་རྩེ་བློ་བཟང་སྙན་གྲགས། ཕ་བོང་ཁ་པ་རྒྱ་མཚོ་མཐའ་ཡས། ཡོངས་འཛིན་བློ་བཟང་བསྟན་འཛིན་དཔལ་འབྱོར། ལྷ་བཙུན་ཡེ་ཤེས་རྒྱལ་མཚན། དགེ་བཤེས་ཡེ་ཤེས་གོང་འཕེལ། རྗེ་མཁྱེན་བརྩེ་མན་འདྲ། ༈ ཕུར་བུ་ལྕོགས་བྱམས་པས་མཛད་པའི་རྡོར་སེམས་རིལ་སྒྲུབ། མཛད་པ་པོ། དཔོན་སློབ་བློ་བཟང་ཐུགས་རྗེ། སྤང་ལུང་པ་ངག་དབང་ཆོས་འཛིན། རྒྱུད་སྟོད་མཁན་ཆེན་དགེ་འདུན་དར་རྒྱས།