R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༤བ
[A:༢༤བ]ངག་གི་དབང་པོའི་བློ་གྲོས་ཆུ་གཏེར་ལས། ། གཞན་ཕན་ལེགས་བཤད་ཆུ་རྒྱུན་འབེབས་མཁས་པ། ། བརྩེ་ཆེན་སྙིང་པོ་སུམ་ལྡན་དགེ་སློང་ཚུལ། ། བཀྲ་ཤིས་གྲགས་པའི་རྒྱལ་མཚན་འཛིན་ལ་འདུད། ། གང་ཐུགས་དཔལ་གྱི་བུམ་བཟང་ཀློང་ཡངས་པོ། ། ཟབ་རྒྱས་ཆོས་ཚུལ་བདུད་རྩིས་གཏམ་པ་ལས། ། སྔོན་བསགས་སྐལ་བས་ཆ་ཤས་ཐོབ་པའི་ཚོགས། ། བརྗེད་པའི་གསོས་སུ་འབྲི་ལ་གནང་བ་སྩོལ། ། ཅེས་མཆོད་ཚིག་ཉུང་ངུ་སྔོན་དུ་བཏང་ནས། འདིར་རྗེ་བཙུན་ཨེ་ཝྃ་པ་ཆེན་པོ་ཁང་གསར་མཁན་ཆེན་རྡོ་རྗེ་འཆང་ངག་དབང་བློ་གྲོས་གཞན་ཕན་སྙིང་པོའི་ཞལ་སྒོ་ནས་གསུང་ངག་རིན་པོ་ཆེ་གཙོ་བོར་གྱུར་པའི་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་བཀའ་དྲིན་དུ་བསྩལ་བ་ལས། དེ་རྣམས་ཀྱི་ཆོས་ཀྱི་རྣམ་གྲངས་དང་། བརྒྱུད་རིམ་རྣམས་རིམ་པར་དགོད་པ་ལ། ཐོབ་པའི་གོ་རིམ་ལྟར་ན་གསུང་ངག་ཚོགས་བཤད་ནས་ཡིན་ཀྱང་། བརྗོད་བྱ་གཙོ་ཆེ་བ་དང་། བརྗོད་བདེ་བའི་ཕྱིར་གསུང་ངག་སློབ་བཤད་ཀྱི་ཐོབ་རིམ་ནས་དགོད་པ་ལ་དོན་