R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༥༣ན
[A:༢༥༣ན]བཻ་ཌཱུརྻའི་ཕྲེང་མཛེས། གཏོར་དབང་བྱིན་རླབས་བཅུད་ཐིགས་རྣམས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་པ་རྗེ་ཉིད་ཀྱི་ཞལ་སྔ་ནས། མཁྱེན་བརྩེས་སོ། ། ༈ ཡང་ཕུར་ཐུན་མོང་གི་མན་ངག་ཨ་ཏིའི་ཁྲིད་ཡིག་ཐར་བའི་སྒོ་གཅིག་བསྟན་འཛིན་ཆོས་ཀྱི་ཉི་མ་ལས་མཁྱེན་བརྩེས་གསན་པ་མན་འདྲའོ། ། ༈ ཚར་ཆེན་ཡིག་སྟེང་ནས་རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི་གཞུང་དུ་གསལ་བ་ལྟར་ལ་བརྒྱུད་པའི་ཁྱད་པར་གཞན། ཚར་ཆེན། མཁྱེན་བརྩེ། དགོན་གསར་བ་བསོད་ནམས་ཆོས་འཕེལ། པཎ་ཆེན་ངག་དབང་ཆོས་གྲགས། བྱམས་པ་ངག་དབང་རྣམ་རྒྱལ། ངག་དབང་བསྟན་པ་རབ་རྒྱས། གྲོ་ལུང་པ་བསོད་ནམས་ཆོས་འཕེལ། བྲག་རྩ་བ་བློ་གསལ་བསྟན་འཛིན་རྒྱ་མཚོ། ཡབ་རྗེ་ཀུན་དགའ་བློ་གྲོས། ཀུན་མཁྱེན་ངག་དབང་བསྟན་འཛིན་ཕྲིན་ལས། བྱམས་པ་ཕྲིན་ལས་ཡོན་ཏན། བྱམས་པ་བསྟན་འཛིན་སྙན་གྲགས། རྗེ་བླ་མ་མཁྱེན་བརྩེའི་དབང་པོ་ནས་འདྲ།