R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༥༦བ
[A:༢༥༦བ]| བསྟན་འཛིན། གྲུབ་མཆོག་སངས་རྒྱས་བཀྲ་ཤིས། མུས་ཆེན་བསོད་ནམས་དབང་ཕྱུག ། མཁན་ཆེན་ཀུན་དགའ་དཔལ་བཟང་། འདར་གྲོང་ཆེན་སློབ་དཔོན་ཀུན་དགའ་འཇམ་དཔལ། རྗེ་བླ་མ་མཁྱེན་བརྩེའི་དབང་པོ་མན་འདྲའོ། ། ཡང་ན། མཁན་ཆེན་ཀུན་དགའ་དཔལ་བཟང་ནས། ཁྱབ་བདག་ངག་དབང་རྒྱལ་མཚན། ཡོངས་འཛིན་བློ་གསལ་རྒྱ་མཚོ། འཇམ་མགོན་རྡོ་རྗེ་རིན་ཆེན། རྗེ་མཁྱེན་བརྩེ་ནས་འདྲ་ཞིང་། ཡང་། དོང་སྤྲུགས་དབང་གཉིས། ལུང་རྫོགས་པར་ནོས་པ། ཁྲ་ཚང་པ་ནས། འཇམ་དབྱངས་ལེགས་བཤད་རྒྱ་མཚོ། ཁ་མོ་བ་སྤང་སྟོན་དབང་ཕྱུག་གྲགས་པ། འབྲས་ལྗོངས་སྤང་སྟོན་གསང་བདག་རྡོ་རྗེ། དེ་སྲས་ཀུན་བཟང་པདྨ་ཚེ་དབང་། ཁྱབ་བདག་ཕྱག་ན་པདྨོ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། རྗེ་བླ་མ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ་ནས་འདྲ། ཡང་། ལུང་སྐོར། གསང་བདག་རྡོ་རྗེ། ཡེ་ཤེས་ལྷུན་གྲུབ། འདར་པདྨ་བདུད་འདུལ། འདར་བློ་བཟང་བསྟན་པའི་ཉི་མ། དེ་ལས་རྗེ་བླ་མ་མན་འདྲའོ། །