R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༦༠ན
[A:༢༦༠ན]ཀུན་བློས་ཀུན་དགའ་མཁས་གྲུབ་དབང་པོ་དང་། བྱམས་པ་ནམ་མཁའ་འཆི་མེད་གཉིས། གཉིས་ཀས་ཐར་རྩེ་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་མཁྱེན་བརྩེ་རྡོ་རྗེ་འཆང་གིས་གསན་པ་ནས་འདྲའོ། །གཞུང་རྩ་བ་དང་ཡན་ལག་གི་ཡིག་ཆ་རྣམས་ཀྱི་ལུང་ཡང་མཁན་ཆེན་འདི་ཉིད་ལས་རྗེ་མཁྱེན་བརྩེས་གསན་པ་མན་འདྲའོ། ། ༈ གྲུབ་པའི་སློབ་དཔོན་ཞི་བ་སྦས་པའི་བཀའ་སྲོལ་ལས་བྱོན་པའི་དམ་ཚིག་སྒྲོལ་མ་རྣལ་འབྱོར་མའི་རིག་གཏད་འཇམ་མགོན་གུ་ཎའི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་མ་ཨཱརྻ་ཏཱ་རཱ། གྲུབ་ཆེན་ཏིལླི་པྲཛྙཱ་བྷ་དྲ། ནཱ་རོ་ཛྙཱན་སིདྡྷི། དཔལ་མཆོག་ཌོ་མྦྷི་པ། ཀུ་སཱ་ལི་ཆུང་བ། ཨནྟརྒ་ན། སློབ་དཔོན་ཡེ་ཤེས་བཤེས་གཉེན། གྲུབ་ཆེན་ཞི་བ་སྦས་པ། སངས་རྒྱས་སྦས་པའི་མགོན་པོ། རྗེ་བཙུན་ཏཱ་ར་ནཱ་ཐ། རྒྱལ་ཚབ་རིན་ཆེན་རྒྱ་མཚོ། གྲུབ་ཆེན་ཀུན་བཟང་དབང་པོ། རིག་འཛིན་ཚེ་དབང་ནོར་བུ། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། སི་ཏུ་བསྟན་པའི་ཉིན་བྱེད། མ་ཧཱ་པཎྜི་ཏ་ཚེ་དབང་ཀུན་