R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༦༢བ
[A:༢༦༢བ]མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། རྗེ་ནམ་མཁའ་རྒྱལ་མཚན། དེ་གཉིས་ཀ་ལས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསན་པ་ནས་འདྲའོ། །ཡིག་ཆའི་ལུང་ཡང་དེ་དང་འདྲའམ་སེམས། རས་ཆུང་ལུགས་ལྟར་ན་དེ་ཉིད་ཡན་ཁྱུང་ནག་མེའི་སྤྲུ་གྲི་ལྟར་ལ། དེ་ནས་ཉང་ཉི་མ་འོད་ཟེར་མན་གོང་ལྟར་རོ། ། ༈ སྟག་ལུང་ལུགས་ཀྱི་ཚེ་དཔག་མེད་ལོངས་སྐུ་དང་སྤྲུལ་སྐུའི་དབང་བསྐུར་ངག་དབང་བསྟན་པའི་ཉི་མ་ལས་མཁྱེན་བརྩེས་གསན་པའི་བརྒྱུད་པ་གཞུང་གསལ་ལྟར་དང་། ལྷོ་བྲག་གྲུབ་ཆེན་ཕྱག་རྡོར་སྙན་བརྒྱུད་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་ཚེ་དབང་གི་བརྒྱུད་པ་ནི་རེ་ཞིག་མ་རྙེད་ལ། ཐང་ལུགས་ཚེ་དབང་ཕྱག་ལེན་རྒྱས་པའི་བརྒྱུད་པ་གོང་དུ་སོང་བས་ལྕགས་ཟམ་པའི་དབང་ཆོག་གི་བརྒྱུད་པ་དེས་འཐུས་སོ། ། ༈ ཡིག་ཆ་རྣམས་ཀྱི་ལུང་སྐོར་གཟིམས་འོག་མཆོག་སྤྲུལ་རིན་པོ་ཆེ་ལས་གསན་པ་ནི། ཐར་རྩེ་པཎ་ཆེན་གྱི་མཛད་པའི་རི་ཁྲོད་མའི་རྗེས་གནང་གི་ཡིག་ཆའི་ལུང་། ཀུན་བློ་ནས། འགྱུར་མེད་མཆོག་གྲུབ།