[A:༢༧༠ན]སྒྲུབ་བཅས་ཀྱི་ཡིག་ཆའི་ལུང་རྨོར་ཆེན་ཡན་སོ་སོའི་བརྒྱུད་པ་ལྟར་ལ། དེ་ནས་གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། ཐར་རྩེ་བྱམས་པ་ཀུན་དགའ་བསྟན་འཛིན། རྗེ་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་པོ། འཇམ་པའི་དབྱངས་བློ་གཏེར་དབང་པོ། བྲག་རི་རྡོ་རྗེ་འཆང་། མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ། ཞབས་དྲུང་ངག་དབང་བསྟན་འཛིན་སྙིང་པོ། དེས་བདག་འཁོན་གདུང་ལའོ། །
ཡང་ན། ནམ་མཁའ་འཆི་མེད་ནས། མཁས་དབང་ཀུན་དགའ་དོན་གྲུབ། བླ་མ་དམ་པ་དགེ་འདུན་རྒྱ་མཚོ། བྱམས་པ་ཀུན་དགའ་བསྟན་འཛིན་ནོ། །རྟ་མགྲིན་གསང་སྒྲུབ་སྐོར་ཀུན་དགའ་དོན་གྲུབ། རྣལ་འབྱོར་འཇམ་དཔལ་བཟང་པོ། དེ་ལས་མཁྱེན་བརྩེས་གསན་པའོ། །
མཁའ་སྤྱོད་སྐོར་གསུམ་གྱི་བེའུ་བུམ་ལུང་བརྒྱུད་ནཱ་རོ་མཁའ་སྤྱོད་སྐོར་བརྒྱུད་ཚུལ་མང་དུ་བྱུང་བ་ཐམས་ཅད་འཇམ་མགོན་ཀུན་དགའ་བློ་གྲོས་ལ་འདུས་ཤིང་། དེ་ནས་རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་