R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༨༡ན
[A:༢༨༡ན]དཔལ་ལྡན་བློ་གྲོས་རྒྱལ་མཚན། འཇམ་དབྱངས་བློ་གཏེར་ཞབས་མན་འདྲ་བ་སོགས་བརྒྱུད་ཚུལ་ཅུང་ཟད་མི་འདྲ་བ་ཡོད་པ་རྒྱུད་བཏུས་བརྒྱུད་ཡིག་ལྟར་རོ། ། ༈ སངས་རྒྱས་གཉིས་པ་འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱིས་ལེགས་པར་བཀྲལ་བའི་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་པའི་དཀྱིལ་འཁོར་དུ་རྗེ་ངག་དབང་ལེགས་གྲུབ་ཀྱི་སྒྲུབ་དཀྱིལ་ནག་འགྲོས་དང་། སྔགས་འཆང་ཀུན་དགའ་རིན་ཆེན་གྱིས་མཚམས་སྦྱོར་གཉིས་ཀྱི་སྟེང་ནས་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ལ། ཀླུང་བྱང་གི་དཀྱིལ་ཆོག་ཉི་ཤུ་པའི་རྗེས་སུ་འབྲང་བ་ས་ལུགས་ཀྱི་དབང་བཀའ་རྙིང་མའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་། དཔལ་ཕྱག་ན་རྡོ་རྗེ། རྒྱལ་པོ་ཨིནྡྲ་བྷཱུ་ཏི། ཀླུ་ལས་ཁྱུར་པའི་རྣལ་འབྱོར་མ། རྒྱལ་པོ་བི་སུ་ཀ་ལྤ། བྲམ་ཟེ་ས་ར་ཧ་པ། འཕགས་པ་ཀླུ་སྒྲུབ། དེས་ཨཱརྻ་དེ་བ། ཤཱཀྱ་བཤེས་གཉེན། ཀླུའི་བྱང་ཆུབ། མ་ཏཾ་གི་པ། ཟླ་བ་གྲགས་པ་སྟེ་ལྔ། ལྔ་ཀས་སློབ་པའི་རྡོ་རྗེ།