[A: ༢༩༢བ]འདུལ་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་བློ་གྲོས་མཐའ་ཡས་པའི་སྡེ། སེ་བ་གཏེར་ཆེན་རིན་པོ་ཆེ་ཚེ་དབང་རྒྱ་མཚོ། མཁྱེན་སྤྲུལ་རྡོ་རྗེ་འཆང་འཇམ་མགོན་ཆོས་ཀྱི་བློ་གྲོས། དེས་ཁོ་བོ་འཁོན་རིགས་པ་ཨཱ་ཡུ་བཛྲ་ལ་དགྱེས་པས་བཀའ་དྲིན་དུ་བསྩལ་པའོ། །
༈ ཚར་ལུགས་རིགས་བྱེད་མ་ཐུན་མོང་མ་ཡིན་པའི་རྗེས་གནང་དང་། ༈ ཚོགས་བདག་དམར་ཆེན་ཕྱག་བཅུ་གཉིས་པའི་རྗེས་གནང་། ༈ འདོད་རྒྱལ་གསང་སྔགས་སྒྲའི་རྗེས་གནང་བཅས་ཀྱི་བརྒྱུད་པ་ཕལ་ཆེར་འོག་ནས་འབྱུང་བ་དང་འདྲའོ། །
འཇམ་དཔལ་གཞོན་ནུ་ཟླ་ཞུན་གསར་པ་ཡི། །ན་བཟས་བཀླུབས་ཤིང་རལ་པའི་ཟུར་ཕུད་འཕྱང། །མཐོང་ན་དགའ་བའི་བསྟན་འཛིན་སྐྱེས་མཆོག་ཉིད། །ཞབས་པད་བརྟན་ཅིང་ཕྲིན་ལས་དཔལ་འབར་ཤོག །