[A:༢༩༨ན]གསུང་ངག་སློབ་བཤད་གཙོ་ཆེ་བ་ལྟར་ན། མུས་ཆེན་ནས། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ཡན་གོང་གསུང་ངག་སློབ་བཤད་བརྒྱུད་པ་ལྟར་ལ། དེ་ནས་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ། ཞབས་དྲུང་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། དེ་གསུམ་གས་འཇམ་དབྱངས་བློ་གཏེར་དབང་པོ། དེ་ནས་མཁན་ཆེན་རྡོ་རྗེ་འཆང་གཞན་ཕན་སྙིང་པོ་མན་གོང་འདྲ།
༈ ལམ་དུས་ཀྱི་དབང་གི་ཆུ་བོ་མ་ནུབ་པ་དཀོན་མཆོག་ལྷུན་གྲུབ་དང་། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་ཀྱི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ཡང་གོང་སོང་མ་ཐག་པའི་རྒྱུ་དབང་ཇི་ལྟ་བ་བཞིན་ནོ། །
༈ བཀའ་བབས་གཉིས་པ་ཨོ་རྒྱན་གྱི་སློབ་དཔོན་པདྨ་བཛྲས་བཀྲལ་བའི་དཔལ་ཀྱེ་རྡོ་རྗེ་མཚོ་སྐྱེས་ལུགས་སམ་ནས་གླིང་མར་གྲགས་པ་ལྷ་དགུའི་དཀྱིལ་འཁོར་དུ་མཁན་ཆེན་བྱམས་པ་ཚུལ་ཁྲིམས་དཔལ་བཟང་གི་སྒྲུབ་དཀྱིལ་དབང་ཆོག་ནག་འགྲོས་མའི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང་། བིལཱ་སྱ་བཛྲ། ཡན་ལག་མེད་པའི་རྡོ་རྗེ། སློབ་དཔོན་