R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༡༠བ
[A:༣༡༠བ]བློན་འབངས་གྲོང་ཁྱེར་སྡེ་བརྒྱད་སོགས་དབང་དུ་བྱ་བ། ནག་པོ་མངའ་གཞུ་འགེངས་པའི་དུག་སྔགས་འདི་ལས་ལྷག་པ་ཡོད་རེ་ཀན་གྱི་མཐའ་ཅན། རྭ་ཆེན་གྱིས་
(མཁན་)
མཛད་པའི་དབང་གི་ཆུ་བོ་རྣམས་སོ། ། གཉིས་པ་དཀར་ཆག་ན་མ་མཁོད་པའི་རྒྱ་བོད་ཀྱི་ཡིག་སྣའི་སྐོར་ལ། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་གསུམ་པ་རྒྱ་གར་གྱི་མཁན་པོ་དཱི་བི་ཀ་ར་དང་། བོད་ཀྱི་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བ།
འདི་ལ་དངོས་གྲུབ་གྱི་རྟོག་པ་དང་འགྱུར་གཅིག་པ་ཞིག་དང་། ཨཽ་ཎྜ་ཡ་ཤྲཱི་དང་རོང་ཟོམ་གྱི་འགྱུར་ཡང་སྣང་།
རྒྱུད་ཀྱི་རྒྱལ་པོའི་ལས་དངོས་གྲུབ་ཀྱི་རྟོག་པ་ཞེས་པ་རྟོག་པ་བཞི་པར་གྲགས་པ་ཨ་མོ་གྷ་དང་མར་དོའི་འགྱུར། གཏམ་རྒྱུད་ཀྱི་རྟོག་པ་དང་། ལས་མཁན་ཏེའུ་ལོ་པ་ཆུ་བྱའི་རྟོག་པ་གཉིས་བྷ་རོས་རྒྱུད་འབུམ་པ་ལ་གཏུགས་ཏེ་རྒྱ་དཔེ་ལ་ཕྱིས་བསྒྱུར་བ། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱིས་དགེ་བའི་བཤེས་གཉེན་ཡོན་ཏན་དཔལ་བཟང་གི་ངོར་མཛད་པའི་
(ཤར་)
རྒྱ་བལ་གྱི་པཎྜི་ཏ་ལྔའི་རྣམ་པར་ཐར་པ། དེས་མཛད་པའི་ལ་ལི་ཏ་བཛྲ་གྱིས་
(ཤར་)
ནག་པོ་སྐོར་གསུམ་གྱི་རྒྱུད་ཨཽ་ཌཱན་ནས་གདན་དྲངས་ཚུལ། རྒྱུད་དང་བླ་མ་བརྒྱུད་པ་བྱོན་ཚུལ། ལོ་