R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༡༢བ
[A:༣༡༢བ]མཁའ་འགྲོའི་སྙན་བརྒྱུད་ཀྱི་རྩ་བ་རྡོ་རྗེའི་ཚིག་རྐང་། དེའི་གསལ་བྱེད་ཀུན་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་
(རྒྱ)
ཁྲིད་ཡིག་འཇམ་དཔལ་ཁྲོས་པའི་ཞལ་ལུང་སྙིང་གི་ཟུང་ཁྲག་མཁའ་འགྲོའི་ཁ་རླངས་ཅན། གྲུབ་པའི་དབང་ཕྱུག་ལ་ལི་ཏ་བཛྲ་གྱིས་མཛད་པའི་ཁྲིད་དོན་
(མ)
གསལ་བྱེད་རྒྱལ་ཁམས་ལོ་ཙཱ་བ་མ་ཎི་ཀ་ཤྲཱིས་མཛད་པ། ཕྱག་མཚན་སོ་གཉིས་ཀྱི་ལས་ཚོགས་ཞེས་པ་གྲི་གུག་གིས་དགྲ་བསད་པ། ཤཱཀྟིས་འཕུང་བར་བྱེད་པ། གཏུན་ཤིང་གིས་རིམས་དབབ་ཅིང་འདྲེ་བརྡུང་བ། ཆུ་གྲིས་གྲིར་དགུམ་པ། རྡོ་རྗེ་རྩེ་གཅིག་པས་གདོན་སྲུང་བ། དགྲ་ལྟྭས་དགྲ་བོ་ཚར་གཅོད་པ། མདུང་གིས་ཆོ་འཕྲུལ་གཏོང་བ། མདའ་གཞུའི་སྒྲུབ་ཐབས་ཕྱོགས་གཅིག་ཏུ་བསྡུས་པ་གོང་དུ་སོང་ཟིན། ལྕགས་ཀྱུས་མཚན་མ་དགུག་པ། དབྱུག་ཏོས་ནོར་སྒྲུབ་པ། ཁ་ཊཱྃ་གས་ཉམས་ཆག་སེལ་བ། འཁོར་ལོས་བགེགས་བསྲུང་བ། ཐོ་བས་བར་ཆད་བསྲུང་བ། རལ་གྲིས་དམག་དཔུང་བཟློག་པ། ཅང་ཏེའུས་ཌཱ་ཀི་ལས་ལ་འགྱེད་པ། ཐོང་པས་ནོར་བསྒྲུབ་པ། མགོ་བོས་འགལ་བ་ཆམ་ལ་འབེབས་པ། ཕུབ་ཀྱིས་ཕྱིར་བཟློག་