R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༡༦ན
[A:༣༡༦ན]ལྟེ་བར་ཧཱུཾ་ཞེས་ཡོད་པ། མགོར་མུ་ཁྱུད་རྡོ་རྗེ་ཕྱེད་པ་ནང་དུ་འཁོར་ལོ་རྩིབས་བརྒྱད་ཅེས་ཡོད་པའི་ཟློག་འཁོར། མགོར། ཡང་ལྟེ་བར་ཧཱུཾ་གཤམ་ནས་གཡོན་སྐོར་དུ་ཞེས་ཡོད་པའི་སྲུང་འཁོར་བྲི་ཡིག །མགོར། རང་ཉིད་འཕགས་པ་འཇམ་དཔལ་དུ་བསྒོམ་ཞེས་ཡོད་པའི་ཡི་གེ་བཞི་པའི་སྲུང་ཟློག་གསད་གསུམ་གྱི་མན་ངག །མགོར་ཨོཾ་སྭ་སྟི། སེམས་བསྐྱེད་པ་ནི། བདག་དང་སེམས་ཅན་ཐམས་ཅད་མི་དང་མི་ཡིན་ཞེས་ཡོད་པའི་ཡི་གེར་ཞི་བའི་སྲུང་
(རྭ་)
(ནུབ་)
ཟློག་རྦད་པ་ཞལ་གདམས་དང་བཅས་པ་ཁྱད་པར་དུ་འཕགས་པའོའི་མཐའ་ཅན། ཡི་གེ་བཞི་པའི་སྲུང་ཟློག་བསད་མནན་བསམ་གཏན་ཉལ་
(ནུབ་)
ཆོག་གི་གདམས་པ་ཐེག་མཆོག་ཟླ་བའི་དབང་པོས་མཛད་པ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་བལ་པོ་ཐུགས་རྗེ་ཆེན་པོ་ལ་གསེར་སྲང་ལྔ་བརྒྱ་ཕུལ་
(རྭ་)
(ནུབ་)
(རུམ་)
བར་ཞལ་གྱིས་བཞེས་ནས་གནང་བའི་དྲག་པོ་བཞིའི་སྲུང་ཟློག་ཡི་གེར་མི་འབྲི་བའི་བཀའ་རྒྱ་ཅན། མགོར་བདག་ཉིད་འཕགས་པ་འཇམ་དཔལ་ཞེས་ཡོད་པའི་ཡི་གེ་
(ནུབ་)
བཞི་པའི་མན་ངག་