R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༡༧བ
[A:༣༡༧བ]འཚལ་ལོ། །མིང་དང་རྣམ་ཤེས་སྦ་བ་ལ་ཞེས་ཡོད་
(མ)
པའི་ཨུཥྞི་ཥའི་སྲུང་འཁོར་རྨི་ལམ་ངན་པ་ཟློག་པ་བྱད་མ་མཁན་གྱི་བསོད་ནམས་ཉམས་ཐབས་བྱས་པས་མི་ཚུགས་པ་དང་བཅས་པ། དེས་མཛད་པའི་ཟློག་པའི་རྣལ་འབྱོར་ཁྱད་
(མ)
པར་ཅན་རྔོན་པ་ཉི་མ་ལྡེ་ཞིང་གདོས་དང་ཤ་བ་འཐབ་པ་ལྟ་བུའི་མན་ངག །དེས་མཛད་པའི་ཨུཥྞི་ཥའི་སྒོ་ནས་
(མ)
དམ་ཉམས་གསོད་པའི་མཚོན་ཆ། དེ་བྲག་དཀར་ཆོས་སྡིངས་སུ་བཀོད་པའི་སྲུང་ཟློག་
(མ)
གཉིས་ཀྱི་མན་ངག་སྔགས་པ་ནང་འགྲས་དང་བསད་པ་གཞན་དུ་གསལ་བའི་མཐའ་ཅན། དེས་མཛད་པའི་ཨུཥྞི་ཥའི་བསྐུལ་
(མ)
རྣམ་དག་ཞི་བ་མ། དེས་མཛད་པའི་བསྟོད་པ་
(མ)
ཐུགས་རྗེའི་དབང་ཁྲོས་མ།
ལས་ཀྱི་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྒྲུབ་ཐབས་ལ་ལི་ཏ་བཛྲ་གྱིས་མཛད་པ་བལ་པོ་ཐུགས་རྗེ་ཆེན་པོ་དང་རྭ་ལོ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བ། རོ་རས་དང་ཐོད་པ་ལ་བརྟེན་ནས།
ལས་གཤིན་སྒྲུབ་ཅིང་བསྙེན་སྒྲུབ་བསད་པའི་མན་ངག་ལོ་ཙཱ་བ་ཕྱི་མས་ཡེ་གེར་བཏབ་པ། ལས་ཀྱི་གཤིན་རྗེས་སྲིད་པའི་འཁོར་ལོའི་མན་ངག་རྭ་ཆེན་གྱིས་ལྕགས་སྒོམ་རས་པ་ལ་གནང་བ་སྲིད་པའི་འཁོར་ལོ་རྫོགས་བྱང་གི་མཐའ་ཅན། དགེ་འདུན་གཙུག་ལག་ཁང་བསྲུང་བའི་གཤིན་རྗེ་སྲིད་པའི་འཁོར་ལོ་བཀའ་རྒྱ་དམ་པོ་ཡོད་དོ། །Jའི་