R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༣༩ན
[A:༣༣༩ན]འབྱོར་མ། མཻ་ཏྲི་པ། ནམ་མཁའི་པཎྜི་ཏ། བླ་མ་ཨ་ཤཱཀྱ་རཀྵི་ཏ། ཀ་ནི་ཀ་ཤྲཱི། ཛ་ཡ་སེ་ན་མན་འདྲ། ཡང་ན། ལོ་ཀེ་ཤྭ་ར། རི་ཁྲོད་དབང་ཕྱུག །ཨ་ཝ་དྷཱུ་ཏི་པ་མན་འདྲ། ༒ རྒྱལ་དབང་པདྨ་ཀ་རའི་ཐུགས་ཀྱི་གསང་མཛོད་བཀའ་གཏེར་ཟུང་འཇུག་དབང་ཆེན་ཡང་གསང་ཁྲོས་པ་ལྷ་དགུའི་ཆོས་སྐོར་ལ། སྨིན་བྱེད་ཀྱི་དབང་དང་། རྒྱབ་བརྟེན་ལུང་གི་སྐོར་གཉིས་ལས། དང་པོ་ཡབ་རྗེ་རྡོ་རྗེ་འཆང་ལས་ཐོབ་པ་སྐབས་དང་པོར་བསྟན་ཟིན། གཉིས་པ་རྒྱབ་བརྟེན་ལུང་གི་སྐོར་ལ་རྩ་བའི་ས་བཅད་བརྒྱད་ལས། དང་པོ་ཡང་གསང་ཁྲོས་པའི་བརྒྱུད་ལེའུ་བཅུ་གསུམ་པ། མགོར། རྒྱ་གར་སྐད་དུ། པདྨ་ཤྭ་རི་མ་ཧཱ་གུ་ཧྱ་ཀྲོ་དྷ་ཏནྡྲ་ནཱ་མ། ཞེས་པ་ནས། གཏེར་ཤོག་དག་ལས་ཞལ་བཤུས་སོ། འདི་ནི་བཻ་རོའི་འགྱུར་ཡིན་ནོའི་མཐའ་ཅན། ཡང་རྒྱུད་ཀྱི་སྐབས་སྤྱིའི་དོན་འགྲེལ་ཅེས་བྱ་བ། མགོར། བཅོམ་ལྡན་པདྨ་རྟ་མཆོག་ལ། །ཞེས་པ་ནས། བསྡུས་འགྲེལ་རྫོགས་སོའི་མཐའ་ཅན་བཻ་རོའི་འགྱུར། མུས་སྲད་པས་མཛད་པའི་