R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༤༥བ
[A:༣༤༥བ]གྲོས་མཉམ་མེད་ཟབ་མོའི་ཞེས་པ་ནས། མཛད་དུ་གསོལ། །Jའི་མཐའ་ཅན། དེ་རྣམས་ཀྱི་ལྗགས་ལུང་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྒྱལ་དབང་ལྔ་པ་ཆེན་པོ་ཡན་དེའི་གསན་ཡིག་ལྟར་དང་། དེ་ནས། རིག་འཛིན་འཇམ་དབྱངས་གྲགས་པ། བཀའ་སྒོ་འཇམ་དབྱངས་གྲགས་པ། དགེ་སློང་འབྱུང་གནས་སྒྲ་དབྱངས། མཁན་ཆེན་དཔལ་འབྱོར་གྲགས་པ། སློབ་དཔོན་བྱམས་པ་སྨོན་ལམ། བཀའ་བཅུ་བྱམས་པ་བསམ་གཏན། རྗེ་འཕགས་པ་མཆོག་དགའ། རྗེ་ཆོས་རྗེ་བློ་བཟང་བསྟན་འཛིན་མཐུ་སྟོབས། རྗེ་བཙུན་ངག་དབང་སྨོན་ལམ་ལྷུན་གྲུབ། བྲག་རི་རྡོ་རྗེ་འཆང་བློ་བཟང་ཐུབ་བསྟན་རྣམ་རྒྱལ། སྐྱབས་རྗེ་ཕ་བོང་ཁ་པ་བྱམས་པ་བསྟན་འཛིན་ཕྲིན་ལས་རྒྱ་མཚོ། དགོན་གསར་རྗེ་བཙུན་བློ་བཟང་དོན་གྲུབ་རབ་རྒྱས། ཁང་སེར་སྤྲུལ་སྐུ་ངག་དབང་བློ་བཟང་ཐུབ་བསྟན་ཀུན་དགའ། རྗེ་བླ་མ་བྱམས་པ་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་འཁོན་རིགས་པ་ཐེག་ཆེན་དཔལ་འབར་ལ་དགྱེས་བཞིན་དུ་བསྩལ་བའོ། ། ༈ ཡང་ལྔ་པའི་གསུང་རྡོ་རྗེའི་སྒྲ་དབྱངས་སྙིང་པོ་བཅུད་བསྡུས། ཡབ་ཡུམ་རྐྱང་སྒྲུབ།