R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༥ན
[A:༣༥ན] པ་ངག་དབང་ཀུན་དགའ་བློ་གྲོས། ཐམས་ཅད་མཁྱེན་པ་བྱམས་པ་ནམ་མཁའ་འཆི་མེད། སྐྱབས་གསུམ་ཀུན་འདུས་བྱམས་པ་ཀུན་དགའ་བསྟན་འཛིན། མཁན་ཆེན་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། འཇམ་པའི་དབྱངས་ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བློ་གྲོས་སྙིང་པོ། དེ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་ངོ་བོ་རིགས་དང་དཀྱིལ་འཁོར་ཡོངས་ཀྱི་ཁྱབ་བདག་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། དེས་བདག་འཁོན་རིགས་ངག་དབང་ཐེག་ཆེན་དཔལ་འབར་ལ་དགྱེས་པ་ཆེན་པོས་བཀའ་དྲིན་དུ་བསྩལ་བའོ། ། ཡང་བརྒྱུད་པ་གཉིས་པ། ཡབ་རྗེ་འཇམ་དབྱངས་ཆོས་རྗེ་ནས་བརྒྱུད་པ་ཐུན་མོང་མ་ཡིན་པའི་ལུགས་གཅིག་ནི། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཡན་སྔར་ལྟར་ལ། དེ་ནས་རིན་ཆེན་སྒང་པ་སྒོས་ཀྱི་དཔོན་པོ་བླ་ཆེན་ཀུན་དགའ་རྒྱལ་མཚན། ཡབ་རྗེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན་མན་འདྲའོ། །