R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༦༢བ
[A:༣༦༢བ]དུ་རུང་བ་ཞེས་ཡོད་པའི། ནག་པོ་ཆེན་པོའི་འབྱུང་ལུགས་བསྟན་ཅིང་གཏོར་མ་དང་པོའི་འཕྲོས་ཀྱི་ཡི་གེ་རྙིང་
(༤)
པའི་ཆ་ལག །
(࿄)
གོང་མས་མཛད་པ་རྗེ་བཙུན་གྱིས་བླ་དཔེ་ལས་བྲིས་པ། མགོར། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །བྷེ་དན་གྱི་ཡུལ་ན་བྲམ་ཟེ་མཆོག་སྲེད་ཅེས་ཡོད་པའི་ཚོགས་ཀྱི་བདག་པོའི་ཚུལ་དུ་སྒྲུབ་པའི་
(࿄)
(མུ)
ཨུ་པ་དེ་ཤ་ས་ཆེན་གྱིས་མཛད་པ།
མགོན་པོ་ཁྲོ་བཅུ་ཚོགས་བདག་ལྟར་སྒྲུབ་པ་ངོས་འཛིན་ཡང་དེའི་རྗེས་གནང་གི་མལ་ལོའི་ལུགས་ཀྱི་ཕོ་རྐྱང་ལ་རྗེས་གནང་མེད་པར་བཞེད་པ་མི་གནོད་པ་འདྲ་སྟེ། དེང་སང་ཚོགས་བདག་ལྟར་སྒྲུབ་པ་ངོས་འཛིན་ཡང་དེ་ནི་གཙོ་རྐྱང་ལ་དགོངས་ཀྱི། འདི་ནི་ཕོ་རྐྱང་གཙོ་འཁོར་སྦགས་སྒྲུབ་ཡིན་པས་སོ་སྙམ་ཞིང་། ངག་ཆོས་པས་ལྷག་བསམ་རབ་དཀར་གྱི་དྲིས་ལན་དུ་སྦགས་སྒྲུབ་ཡིན་པས་སོ། །ཞེས་རྗེ་ཚར་པས་གསུངས་པའི་ངག་རྒྱུན་དེ་ལེགས་པར་སྣང་ཞེས་འདུག་ཀྱང་། ས་བཅད་དུ་རྐྱང་སྒྲུབ་སྦགས་སྒྲུབ་ཅེས་སོ་སོར་དབྱེ་བའི་དབང་དུ་སོང་ན་འདི་ལུགས་གཉིས་གང་དུའང་ངོས་འཛིན་དཀའ་བས་དགོས་གནད་ཆེ་བ་ཞིག་འདུག་གོ
མགོར། བླ་མ་དང་དཔལ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཚོགས་ཀྱི་བདག་པོའི་ཚུལ་དུ་བསྒྲུབ་པའི་བསྙེན་སྒྲུབ་གཉིས་སྔོན་དུ་སོང་ནས་ལས་ལ་སྦྱར་བ། ཞེས་ཡོད་པའི།
(࿄)
(མུ)
(࿅)
མན་ངག་གི་