R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༦༨བ
[A:༣༦༨བ]ཀྱི་མགོན་པོ་ཟངས་གྲི་ཅན་ཞེས་ཡོད་པའི་
(࿄)
(མུ)
གསོད་བྱེད་གདུག་པ་ཅན་གྱི་སྒྲུབ་
(༢)
ཐབས་རྫོགས་སོའི་མཐའ་ཅན།
རྫོང་ཆུང་པས་ཡིག་རྙིང་དུ་བཞེད།
མགོར། བླ་མ་དམ་པ་རྣམས་དང་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དུར་ཁྲོད་ན་གནས་པའི་མགོན་པོ་གཅེར་བུ་ཟངས་གྲི་ཅན་ཞེས་ཡོད་པའི་ཕྱིའི་ལས་མཁན་གཅེར་བུ་ཟངས་གྲི་ཅན་གྱི་སྒྲུབ་
(༡)
ཐབས་
(࿄)
བླ་མ་མལ་ནས་བརྒྱུད་པ།
འདི་གྱི་ལྗང་ནའང་ཡོད།
ལྷག་ཆད་དང་འབྲེལ་བ་ཡི་གེར་བྲིས་པ་རྫོགས་བྱང་གི་མཐའ་ཅན་རྣམས་སོ།
འདི་ཡན་ལ་རྩ་བའི་ཆོས་ཚན་དྲུག་ཅུ་རེ་ལྔ་ཡོད་གསུངས།
༈ ལྔ་པ་དེ་དག་ལ་མཁོ་བའི་ལས་ཚོགས་ལྷན་ཐབས་ལ། དཀར་ཆག་ཏུ་མན་ངག་ཤོག་དྲིལ་དྲུག་པ་སོགས། གཙོ་བོར་ཕོ་རྐྱང་གི་ལས་ཚོགས་ཡིན་མོད་ཀྱང་། སྦགས་སྒྲུབ་དང་ཐུན་མོང་དུ་ཉེ་བར་མཁོ་བའི་ཕྱིར་འདིར་འོག་ཏུ་བསྒྲིལ་ནས་བཞག་པ་ཡིན་ནོ། །ཞེས་པ་ལྟར་ནག་པོ་ཆེན་པོའི་སྒོ་ནས་གཏོར་མ་ལ་བརྟེན་ནས་དགྲ་བགེགས་བསད་པའི་མན་ངག །གཞན་གྱི་རིགས་སྔགས་དང་རྦོད་གཏོང་ཟློག་པའི་མན་ངག །རྨི་ལམ་ངན་པ་དང་ལྟས་ངན་པ་ཟློག་པའི་མན་ངག