R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༨༠བ
[A:༣༨༠བ]གསུམ་པ་ཁ་ཆེ་པཎ་ཆེན་གྱིས་ཆོས་རྗེ་ས་སྐྱ་པཎྜི་ཏ་ལ་གནང་བ་ལ། མགོར། སྐད་ཤན་སྦྱར་དང་། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། རྡོ་རྗེ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །སྔར་གསུངས་པའི་ཆོ་གས་ཞེས་ཡོད་པའི་
(ཁ)
(࿄)
(ཨེ)
སྒྲུབ་ཐབས་ཀྱི་རྒྱ་གཞུང་ཞེས་བྱ་བ་ལ་སོགས་པ་དཔག་ཏུ་མེད་པ་རྟོགས་པར་བྱའོའི་མཐའ་ཅན།
གསེར་པོད་ན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་ཅེས་སྣང་བ་འཐད་པར་སེམས།
དེའི་འཕྲོས་ལ་དེ་ནས་བསྒོམ་པར་བྱ་བའི་ཆོ་ག་བརྗོད་པར་བྱ་སྟེ། ཞེས་ཡོད་པའི་
(ཁ)
(࿄)
(ཨེ)
པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པའི་མན་ངག་གོའི་མཐའ་ཅན། བསྙེན་པ་ལ་བརྟེན་ནས་ཕྱི་ཕོ་ལྷ་ལྟར་སྒྲུབ་པས་མཐུ་ཞོར་ལ་འབྱུང་བ། སྒྲུབ་པ་ཞུན་ཆེན་གྱིས་མར་མེ་ལ་བརྟེན་ནས་བརྣག་པ་ཞག་བདུན་ལ་བསྒྲལ་བ། ལས་སྦྱོར་ཁྱི་ནག་པོའི་ཙིཏྟ་སྙིང་ལ་བརྟེན་ནས་དགྲ་བོ་ཁ་ཕུང་དུ་བསད་པ། དེ་གསུམ་ལ་
(ཁ)
(࿄)
(ཨེ)
(མུ)
གསང་སྒྲུབ་སྤུ་གྲི་སྐོར་གསུམ་དུ་བཏགས་པ་ཆོས་ཚན་གཅིག་ཏུ་བཞུགས་པ་ཡིན། རྗེ་ས་པཎ་གྱིས་
(ཁ)
(࿄)
(ཨེ)
(མུ)
ཁ་ཆེ་པཎ་ཆེན་ལ་གསེར་ཞོ་བརྒྱད་དང་། གཡུ་ཞོ་བརྒྱད་རི་བ་ཞིག་ཕུལ་