R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༨༧བ
[A:༣༨༧བ]
ཞེས་མགོན་པོ་ལྷ་བརྒྱད་ཕྱོགས་སྐྱོང་དང་བཅས་པར་བསྟོད་པ་ས་ཆེན་གྱིས་མཛད་པ། འདི་ཆད་དམ་སྙམ་བརྟགས།
བདུད་རེ་ལྡེ་མགོ་ཡག་གིས་ལྷ་མོ་ལ་བསྟོད་པ་
(࿄)
མགོར། སྤྱན་འདྲེན་ཐོད་པ་དགུ་བརྩེགས་མ།
སྤྱན་འདྲེན་འདི་ཞབས་བཏགས་མར་ཡང་ཡོད།
ཡང་དེ་དང་དཀྱུས་གཅིག་ཏུ་སྐད་ཤན་སྦྱར་བའི་ལྷ་ལ་དབང་བསྒྱུར་མ།
(࿄)
མཁའ་འགྲོ་ཌོམྦྷི་ཀ་མ་ལ་དང་ལོ་ཙཱ་ལྕོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ། ལྷ་མ་སྲིན་གྱིས་བསྟོད་པ་མ་བཅོས་ཆོས་སྐུ་མ་
(࿄)
(མུ)
ལ་ལི་ཏ་བཛྲ་དང་གྱི་ལྗང་གིས་བསྒྱུར་བ། ཡང་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བའི་དྲང་སོང་ཀེའུ་ཏྲིང་མས་བསྟོད་པའི་
(࿄)
(མུ)
སྲིད་གསུམ་ཟིལ་གནོན་མ། ཡང་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བའི་
(࿄)
(མུ)
བླ་མ་མཻ་ཏྲི་པས་ལྷ་མོ་ཞལ་གཟིགས་དུས་བསྟོད་པ་བསྐལ་པའི་མེ་འབར་མ། ཨ་བྷ་ཡཱ་ཀ་རས་ལྷ་མོ་ཞལ་གཟིགས་དུས་བསྟོད་པ་སངས་རྒྱས་བསྟན་པ་མ་
(࿄)
(མུ)
པཎྜི་ཏ་ཤྲ་དྡྷཱ་ཀ་ར་ཝརྨ་དང་། གུ་རུ་བ་ཡོན་ཏན་ཚུལ་ཁྲིམས་ཀྱིས་གུ་གེ་ཐོ་ལིང་དུ་བསྒྱུར་བ། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་གྱིས་ཡན་ལག་བདུན་པའི་སྒོ་ནས་