R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༩༥བ
[A:༣༩༥བ]རྡུལ་དུ་རློག་གི་མཐའ་ཅན། ལས་སྦྱོར་གྱི་སྐབས་སུ་ཉེ་བར་མཁོ་བའི་སློབ་དཔོན་ཆེན་པོ་པདྨས་མཛད་པའི་སྲུང་མ་སྤྱིའི་དམོད་བཅོལ་
མེ་འབར་མར་ཡང་བཞུགས།
(རྒྱ)
མི་བརྗེད་གཟུངས་ཐོབ་ཇོ་མོ་མཁར་ཆེན་བཟའི་བླ་དཔེ། ཡང་དེས་མཛད་པའི་ཆོས་སྐྱོང་སྤྱིའི་སྙིང་ཆུ་བསྲེ་བ་
(རྒྱ)
ཡོན་ཏན་རབ་རྒྱས་མ། དེས་མཛད་པའི་ཆོས་སྐྱོང་གི་སྲོག་འཕྲོག་པ། བཅིང་བ། ཁྱི་བཞིན་འཁྲིད་པ། སྔ་མ་ལ་ཕྱི་མ་མི་འཁྲེན་པ། རྩལ་འགྲན་པ་སྟེ་
(རྒྱ)
(࿅)
ཟབ་པ་གནད་ལྔའི་མན་ངག །འཁོན་ནག་ཟས་སུ་ཟ་བའི་གདམས་པ་སློབ་དཔོན་ཀླུ་སྒྲུབ་ནས་རི་སུལ་གྱི་རྣལ་འབྱོར་མ་དང་གཉན་ལོ་ནས་བརྒྱུད་པ། བྱ་རོག་དབང་པོ་ལྔ་སོགས་ལ་བརྟེན་ནས་
(མུ ཞ)
ནག་པོ་ཆེན་པོའི་འཕྲུལ་སྟོན་པའི་མན་ངག་རྣམས་སོ། ། ༈ གཉིས་པ་སྒ་ཨ་སྟོན་དམ་པས་མཛད་པའི་ཡིག་ཆ་ལ། ནག་པོ་ཆེན་པོའི་སྒྲུབ་ཐབས་འདི་ལ་མང་དུ་གསུངས་ཀྱང་དོན་གསུམ་དུ་འདུ་བའི་ཚུལ་སོགས་སྤྱིའི་ཁོག་བསྒྲིགས་ཨཱ་ནནྡ་ཀཱིརྟིའི་ཞལ་གྱི་བདུད་བརྩིའོའི་མཐའ་ཅན། སྔོན་འགྲོ་རྟེན་དང་མཆོད་གཏོར་གྱི་སྐབས་ཉེ་བར་མཁོ་བའི་ཤོག་དྲིལ་བཅུ་པར་གྲགས་པའི་ནང་ཚན། མགོར། རྩ་བརྒྱུད་དཔལ་ལྡན་བླ་མ་དམ་པ་རྣམས། །ཞེས་ཡོད་པའི་སྔོན་འགྲོའི་