R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༩༦བ
[A:༣༩༦བ]ཁ་ཊཱཾ་སྒྲུབ་པའི་ཤོག་དྲིལ། ༧གཏུམ་དྲག་མི་བཟད་ཕོ་ཉའི་ལས་རིམ་སྒྲུབ་པའི་ཤོག་དྲིལ་ཏེ་བཅུའོ། ། ༈ གཟུངས་འབུལ་བའི་ཚིགས་སུ་བཅད་པ་ལུས་ཀྱི་མུན་ནག་ཟིལ་གནོན་མ། ༧མགོར། དེ་ནས་རྟ་ནག་པོ་སོགས་རྟེན་རྣམས་ལ་ཚོན་དམར་པོ་བསྐུས། ཞེས་ཡོད་པའི་གཟུངས་བསྐྱེད་ཆོ་ག་རྒྱས་པ་དང་བསྡུས་པ། ཧཱུཾ་ལས་བྱུང་བའི་རྟ་མཆོག་མ་དང་བཅས་པ་བླ་མ་ལ་གུས་པས་ཞུ་བར་བྱའོའི་མཐའ་ཅན། ༧མགོར། ན་མོ་ཧཱ་ཀཱ་ལ་ཡ། མགོན་པོའི་མན་ངག་ཙིཏྟ་བརྟགས་པའི་རིམ་པ་ནི། ཞེས་ཡོད་པའི་གསང་རྟེན་གྱི་སྐབས་སུ་གྲི་སྙིང་བརྟགས་པའི་ཡི་གེ་ནག་པོའི་རྒྱུད་ནས་གསུངས་སོའི་མཐའ་ཅན། དུས་གཅིག་ལ་ཆིག་བརྒྱུད་ཀྱི་གྲས། ༧མགོར། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། བཅའ་ག་རྟེན་གྱི་སྐབས་སུ་གྲི་སྙིང་འཁོར་ལོའི་ཞེས་ཡོད་པའི་གྲི་སྙིང་འཁོར་ལོ་ཐུན་མོང་མ་ཡིན་པའི་བཅའ་ཚུལ། རབ་གནས་ཞག་བདུན་མ་དང་བཅས་པའི་ཡིག་ཆུང་ཡིད་བཞིན་གྱི་ནོར་བུ་ཅི་བསམ་འགྲུབ་པར་འགྱུར་བ།
འདི་གཉིས་གཞུང་ན་དཔེ་ཚན་ཁ་ཕྲལ་ནས་སོ་སོར་སྣང་།
དུས་གཅིག་ལ་ཆིག་བརྒྱུད་མ། ༧སྦགས་སྒྲུབ་ཀྱི་སྐབས་སུ་འཁོར་