R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༠ན
[A:༤༠ན]སློང་དཀར་བ་གྲུབ་དབང་ཀུན་བཟང་དབང་པོ། རིག་འཛིན་ཚེ་དབང་ནོར་བུ། ཕྱི་མ་གཉིས་ཀ་ལས་སློང་དཀར་གྱི་བླ་མའི་དབོན་པོ་ངག་དབང་རྣམ་རྒྱལ། དེ་དབོན་ཀུན་བཟང་ཆོས་འབྱོར། ཕུན་གླིང་རྡོ་རྗེ་སློབ་དཔོན་བློ་བཟང་མཐུ་སྟོབས། སྤྲུལ་སྐུ་ཉི་མ་ཆོས་འཕེལ། རིན་ཆེན་བློ་གསལ་བསྟན་སྐྱོང་། རྗེ་བླ་མ་འཇམ་པའི་དབྱངས་དངོས་མཁྱེན་བརྩེའི་དབང་པོ། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་མན་སྔར་ལྟར་རོ། ། རྣམ་འཇོམས་བིར་
འདི་ལམ་འབྲས་ཀྱི་ཆ་ལག་དངོས་མིན་ཡང་། ཟབ་ཆོས་བཞིའི་ནང་ཚན་དུ་བགྲངས་པས་བཀའ་མི་ཆད་པར་བྱ་བའི་ཕྱིར་དུ་འདིར་བཞག་པ་ཡིན་གསུངས། འདིའི་ཡིག་ཆ་ཁ་གསལ་སྒྲུབ་བཏུས་ནང་ཡོད།
ལུགས་ལྷ་བདུན་ཅུ་རྩ་ལྔའི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བའི་སྒྲུབ་ཐབས་ནུབ་པ་རིག་འཛིན་གྲགས་ཀྱིས་མཛད་པ། དེའི་གསལ་བྱེད་ངག་ཆོས་པས་མཛད་པ། བྱིན་རླབས་ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པ་བཅས་ཀྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་རྣམ་པར་འཇོམས་པ། བིརྺ་པ། ས་ཆེན། བསོད་རྩེ། གྲགས་རྒྱལ། ས་པཎ།