R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༠༣བ
[A:༤༠༣བ]བའི་བྲག་རྫོང་མའི་ཡི་གེ་སྣོད་དང་ལྡན་པ་ལ་སྦྱིན་གྱི་གཞན་ལ་ནི་མ་ཡིན་ནོའི་མཐའ་ཅན། ༧ཕྱི་ནང་གི་ཁྲིད་ཡིག་འདི་རྣམས་ཉམས་ཁྲིད་མ་ཐོབ་བར་གནང་སྲོལ་མི་འདུག་གོ ། ༧སེར་བ་སྲུང་བའི་ཡི་གེའི་མཇུག་ཏུ། འདི་འདྲའི་མན་ངག་གདམས་པས་ནི། །སེར་བ་ཐུབ་པར་ཐེ་ཚོམ་མེད། །རང་གི་སློབ་མས་བསྐུལ་ནས་ནི། །སྙན་བརྒྱུད་གདམས་པ་བྲིས་པ་ལ། བླ་མ་མཁའ་འགྲོས་བཟོད་པར་མཛོད། །ཅེས་སོགས་ཀྱི་ཚིག་བཅད་ཡོད་པ། སྔགས་པ་ནང་རྒྱས་ཀྱི་མན་ངག་ཤིན་ཏུ་གསང་ཞིང་སྦ་བར་བྱ་ཞེས་པའི་མཐའ་ཅན། དུས་གཅིག་ཏུ་ཆིག་བརྒྱུད་མའི་གྲས།
དཀར་ཆག་ན་འདིའི་མཚམས་རྗེ་སྒོ་རུམ་པའི་གསུང་ལ་ཟིན་བྲིས་མཛད་པའི་བྲག་རྫོང་མའི་ཡི་གེ་ཞེས་གསལ་བ་གསན་ཡིག་སྔོན་མ་ཚོར་མ་ཐེབས་པ་ཡིན་ནམ་ལུང་རྒྱུན་མེད་པ་གང་ཡིན་དཔྱད།
༧ལས་མགོན་བྲན་བདུད་གཤིན་རྗེ་ནག་པོའི་གཏོར་ཆོག་ཚར་ཆེན་གྱིས་བསྐུལ་བ་ལ་བརྟེན་ནས་ཁའུའི་བྲག་རྫོང་དུ་མཛད་པ་རྣམས་སོ། ། དྲུག་པ་ཚར་ཆེན་རྡོ་རྗེ་འཆང་གི་ཡི་གེ་ལ། མེ་འབར་མའི་དཀར་ཆག་སྙིང་པོ་གནད་ཀྱི་སྒྲོན་མེ་ཚིགས་བཅད་མ། མགོན་པོའི་མན་ངག་ཟབ་བསྡུས་ཁ་སྐོང་