R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༡༧བ
[A:༤༡༧བ]གྱི་ལྗང་དུ་འཐད་མི་འཐད་ཐེ་ཚོམ་མཛད་འདུག་ཀྱང་རང་ལུགས་ལ་དོགས་པ་ཙམ་ཡང་མ་དགོས་སོ། ༧རྒྱུད་ཀྱི་དོན་འགྲེལ་བཞི་སྡོམ་བཅུ་པ་
(མུ)
སློབ་དཔོན་ཆེན་པོ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ།
དཀར་ཆག་དང་རྗེ་མཁྱེན་བརྩེའི་གསན་ཡིག་ན་འདི་ལྟར་སྣང་ཡང་ཡིག་ཆ་ན་ལ་ལི་ཏས་མཛད་ཟེར་བ་སྒྱུར་བྱང་དང་ནོར་རམ་བརྟག །
༧དུར་ཁྲོད་ནག་པོའི་འབྱུང་ཁུངས་
(མུ)
སྟོང་ཐུན་གྱི་ཁོག་འདོན་བསྡུས་པ་རྫོགས་བྱང་གི་མཐའ་ཅན།
རྫོང་ཆུང་བའི་དཀར་ཆག་ན་ཕྱིས་ཀྱི་བླ་མ་དག་གི་མཛད་ཅེས་སྣང་ངོ་།།
༧ རྒྱུད་དུར་ཁྲོད་ནག་པོའི་ས་བཅད་བསྡུས་དོན་
(࿅)
དགེ་སློང་དྷརྨ་གཟི་བརྗིད་ཀྱིས་སྦྱར་བ། དེས་མཛད་པའི་དུར་ཁྲོད་ནག་པོའི་རྒྱུད་ཀྱི་རྣམ་པར་བཤད་པ་
(࿅)
རྡོ་རྗེའི་ཚིག་དོན་གསལ་བྱེད་རྣམས་སོ།།
གོང་དཀར་བའི་གསན་ཡིག་ན་རྒྱུད་རྟོགས་པ་བཅུ་གཉིས་པའི་འགྲེལ་བ་ཞེས་སྣང་།
བཞི་པ་ཉམས་ལེན་ཐབས་ཀྱི་ཡི་གེ་ལ། མགོན་པོའི་སྒྲུབ་ཐབས། ལས་མགོན་གྱི་སྒྲུབ་ཐབས། ལས་སྦྱོར་ཐོར་བུའི་ཡི་གེ་དང་གསུམ། དང་པོ་ལ། གང་ཟག་དབང་པོ་རབ་སྤྲོས་པ་ལ་མི་དགའ་བའི་དོན་དུ་རྡོ་རྗེ་གུར་དང་དུར་ཁྲོད་ནག་པོའི་རྒྱུད་ཀྱི་དགོངས་པ་ཐུན་མོང་པ་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱི་མཛད་པའི་མགོར་སྐད་ཤན་སྦྱར་དང་། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བླ་མ་ལ་གུས་