R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༣༢ན
[A:༤༣༢ན]བཀྲ་ཤིས། སྔགས་འཆང་ཀུན་དགའ་རིན་ཆེན། ངག་དབང་ཀུན་དགའ་རྒྱལ་མཚན། ཡབ་རྗེ་ངག་དབང་ཐེག་ཆེན་དབང་སྡུད་བཀྲ་ཤིས་རིན་ཆེན་དཔལ་བཟང་པོ། ངག་དབང་འཇིགས་མེད་དབང་རྒྱལ་རྡོ་རྗེ། ངག་དབང་ཕྲིན་ལས་རིན་ཆེན་དཔལ་བཟང་པོ། མཆོག་སྤྲུལ་རིན་པོ་ཆེ་ཀུན་དགའ་བསྟན་འཛིན། དྲིན་ཆེན་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་འཁོན་རིགས་པ་ལའོ། །འདི་ལ་ཚར་ལུགས་ཞལ་ངོ་ནང་བརྒྱུད་དུ་གྲགས། ཡང་ན། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། སངས་རྒྱས་རྒྱ་མཚོ། གནས་གསར་བ་མན་འདྲ། ༈ ལྕམ་དྲལ་ལྷ་གསུམ་གྱི་རྗེས་གནང་གི་བརྒྱུད་པ་ནི། ཡབ་རྗེ་ཀུན་རིན་ཡན་གོང་ཚར་ལུགས་ལྷ་བརྒྱད་བཞིན་ལ། དེ་ནས་འཁོན་སྟོན་རྡོ་རྗེ་རིན་ཆེན། འཇམ་མགོན་བསྟན་འཛིན་སྙན་གྲགས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དཔལ་ལྡན་བློ་གྲོས་རྒྱལ་མཚན། ངག་དབང་བློ་གྲོས་སྙིང་པོ། དྲག་ཤུལ་ཕྲིན་ལས་རིན་ཆེན། བྱམས་པ་ཀུན་དགའ་བསྟན་འཛིན། རྩ་བའི་བླ་མ་ངག་དབང་བློ་