R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༣༨ན
[A:༤༣༨ན]འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན། གནས་གསར་བ། ས་ཆེན་ཀུན་བློ། ལྔ་རིག་ཀུན་དགའ་བཀྲ་ཤིས། ངག་དབང་ཀུན་རིན། ས་སྐྱ་པ་འགྲོ་འདུལ་ཕྲིན་ལས་བཟང་པོ། ཐེག་ཆེན་དབང་སྡུད་བཀྲ་ཤིས་རིན་ཆེན། འཇིགས་མེད་དབང་རྒྱལ། དྲག་ཤུལ་ཕྲིན་ལས་རིན་ཆེན། བྱམས་པ་ཀུན་དགའ་བསྟན་འཛིན། ཆོས་རྗེ་ངག་དབང་བློ་གྲོས་རིན་ཆེན། དེས་བདག་འཁོན་རིགས་པ་ལའོ། ། ༈ ཡང་སྔགས་འཆང་ཡིག་སྟེང་ནས་པུ་ཏྲའི་ཟུར་བཀའ་ཐུན་མོང་བའི་བརྒྱུད་པ་ནི། ས་ལོ་ཡན་གོང་བཞིན་ལ། དེ་ནས། དཔལ་ལྡན་བཀྲ་ཤིས། སྔགས་འཆང་ཆེན་པོ། གྲགས་པ་བློ་གྲོས། ཨ་མེས་ཞབས། བསོད་ནམས་དབང་ཕྱུག །ཀུན་དགའ་བཀྲ་ཤིས། རྗེ་བཙུན་མ་བསྟན་པའི་ཉི་མ། ས་ཆེན་ཀུན་བློ་མན་གོང་བཞིན། ཡང་རྗེས་གནང་དང་། ལྷའི་རྟགས་ཡོད་པའི་རྒྱ་གར་གྱི་གཏེར་མའི་ལུང་བརྒྱུད་ནི། བླ་མ་དམ་པ་ཡན་གོང་དང་འདྲ་ཞིང་། དེ་ནས་བླ་ཆེན་ཀུན་རྒྱལ་བ། འཇམ་དབྱངས་ནམ་རྒྱལ་བ། བདག་ཆེན་རྡོ་རྗེ་འཆང་། རྡོ་རིངས་པ།