R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༤༢བ
[A:༤༤༢བ]རབ་རྒྱ་མཚོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། བྱས་འགྱུར་བསོད་ནམས་སེང་གེ །འགོས་སྟོན་རྡོ་རྗེ་སེང་གེ །བླ་ཆེན་ནམ་མཁའ་གཟི་བརྗིད། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག །དྲུང་ཀུན་དགའ་ལེགས་པ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། དེ་མན་ཆད་སྔ་མ་དང་འདྲའོ། ། ས་རྟགས་
ས་ཏྭ་ཞེས་པ་སེམས་ཀྱི་སྐད་དོད་དང་། འཇམ་མགོན་ཨ་མེས་ཞབས་ལ་ཀུན་མཁྱེན་ལྔ་པ་ཆེན་པོས། སྔགས་འཆང་བླ་མ་སེམས་དཔའ་ཆེན་པོ་ཞེས་ཞལ་རྒྱུན་དུ་གསུངས་པ་དེའི་མཚན་ཟུར་གྱི་རྟགས་ཡིན་འདུག །
ཅན་གྱི་ལུང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་འཇམ་དཔལ་རྡོ་རྗེ། བསོད་ནམས་དབང་ཕྱུག །མཁན་ཆེན་བསོད་ནམས་མཆོག་གྲུབ་མན་འདྲ། ཡང་། ངག་གི་རྟགས་ཅན་གྱི་བརྒྱུད་པ་ནི། སྔགས་འཆང་བསོད་ནམས་ཆོས་འཕེལ་ནས། མཁན་ཆེན་ངག་དབང་ཆོས་གྲགས། ཁྲི་ཆེན་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་ངག་དབང་བསོད་ནམས་དབང་ཕྱུག །མཁན་ཆེན་ཞྭ་ལུ་བ་མན་འདྲ། ལོ་རྟགས་ཅན་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་