R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༤ན
[A:༤༤ན] ལས་འཕྲོས་པ་བདུད་རྩི་རིལ་བུའི་སྒྲུབ་ཐབས། བདག་མེད་མའི་བྱིན་རླབས་
འདི་པོད་དམར་དུ་ཡོད་ཅིང་གྲགས་པས་མཛད་པར་བཞེད།
ཀྱི་བརྒྱུད་པ་མ་ཉམས་པར་བསྐུར་བ་སྟེ་འཕྲོས་དྲུག །སྲུང་བ་སུམ་ཅུ་དང་མན་ངག་གི་གནད་བདུན་ཅུ་ལས་འཕྲོས་པ་བསམ་གཏན་འདོར་བའི་འཕྲང་བདུན། བྱུང་རྒྱལ་དུ་མི་གཏོང་བའི་གནད་བཞི། འབྱུང་བ་ལུས་འཁྲུགས་རླུང་དང་སྤྱོད་ལམ་གྱིས་བསལ་བ། རྣལ་འབྱོར་གྱི་ཕྲིན་ལས་སུམ་ཅུ་རྩ་གཉིས་ཏེ་གེགས་སེལ་གྱི་ཡི་གེ་བཞི་དང་བཅས་པས་བཅུ། དབང་གི་ཆུ་བོའི་ལག་ལེན་རྒྱས་པ། བསྲུང་བའི་དམ་ཚིག་རྩ་ལྟུང་འཁྲུལ་སྤོང་། རྗེ་བཙུན་ཡབ་ཀྱི་མངོན་རྟོགས་རྒྱས་བསྡུས་ཡན་ལག་བཞི་དྲུག་གཉིས།
འདི་སློབ་དཔོན་རིན་པོ་ཆེས་མཛད།
ཡུམ་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་སྒྲུབ་ཐབས། ཚོགས་ཀྱི་འཁོར་ལོའི་ཆོ་ག །སྦྱིན་སྲེག་གི་ཆོ་ག་སྟེ་ལས་དང་པོ་པ་དང་ཐུན་མོང་དུ་དགོས་པའི་ཆོས་སྣ་བདུན་པོ་ལོགས་སུ་བཞུགས་པ་བཅས་རྩ་བ་རྡོ་རྗེའི་ཚིག་རྐང་ལས་འཕྲོས་ཏེ་གསུངས་པའི་ཆོས་སྣ་བཅུ་བདུན། ལམ་འབྲིང་པོ་ཆོས་ལྔས་བསྡུས་པ་དང་། ལམ་བསྡུས་ཏེ་