R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༥༤བ
[A:༤༥༤བ]བཙལ་ནས། །ཞེས་ཡོད་པའི་ལས་རབ་འབྱམས་དང་། བསད་བསྐྲད་ཀྱི་འཁོར་ལོ་ཞལ་གདམས་ཆིག་བརྒྱུད་མ་སྙིང་ནང་གི་ཁྲག་ལྟ་བུ། དེས་མཛད་པའི་མགོར། སངས་རྒྱས་ཀུན་དངོས་བླ་མ་དང་། །ཞེས་ཡོད་པའི་བྱེ་བྲག་ཏུ་བསད་ལས་ཀྱི་འཁོར་ལོའི་མན་ངག་མཁའ་འགྲོའི་ཁ་རླངས་ཅན་ཏུ་གྲགས་པ་རྣོ་
མཐར་ཐུག །དེས་མཛད་པའི་མགོར། བླ་མ་མཆོག་དང་ལྷ་མོ་མཆོག་ལ། ཞེས་ཡོད་པའི་འཁྲུལ་འཁོར་བཏབ་ཅིང་སྦ་བ་སོགས་མན་ངག་མཐར་འདོན་ཐབས་དང་བཅས་པ་སྙན་བརྒྱུད།
མྱུར་སྤྲུ་གྲི་རེག་གཅོད་དང་འདྲ་བའི་མན་ངག་སྙན་བརྒྱུད་སྦས་དོན་གསལ་བ། ཡར་ཀླུང་པའི་གསུང་འདི་རྣམས་ཕྱི་སྒྲུབ་ལ་ལྟོས་པའི་བཀའ་རྒྱ་དམ་པས་མང་པོ་ལ་མི་སྟོན་པའི་གྲས། བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་ཐབས་རྟ་བདུན་རྒྱལ་པོ་ཞེས་བྱ་བ་མདོ་སྟོད་པ་འཇམ་དབྱངས་རྒྱལ་མཚན་གྱིས་མཛད་པ། དེ་སྐོར་གྱི་ཡིག་ཆུང་བཞི་ཞེས་པ་པྲཛྲྙ་ཕ་ལའི་གསུངས་བཞིན་བྲིས་པའི་ས་ཆེན་ཀུན་དགའ་སྙིང་པོའི་མན་ངག་གནད་བརྒྱད་པའི་ངོས་འཛིན་དང་། མ་ཆག་པའི་གནད་གཉིས་སྟོན་པའི་ཞལ་བཞི་པའི་སྲོག་སྙིང་དང་འདྲ་བ་མདོ་སྟོད་པ་འཇམ་དབྱངས་ཀྱིས་དྭགས་ལྷ་སྒམ་པོར་སྦྱར་བ། དཔལ་མགོན་ཞལ་བཞི་
ཆོས་ཚན་བཞིའི་སྐབས་འདི་བཞིན་སོ་སོར་འདྲེན།