R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༦༢ན
[A:༤༦༢ན]པ་ལ་ཕྱག་འཚལ་ལོ། །མགོན་པོ་ལ་རང་དང་སློབ་མ་ཞེས་ཡོད་པའི་རང་དང་སློབ་
(ཨེ)
(སྒོ)
(གློ a)
མ་གཏོད་པའི་ཡི་གེ །ཐུགས་དམ་མ་གཡེལ་ཅིག །ཅེས་གསོལ་བ་གདབ་བོའི་མཐའ་ཅན། ༧མགོར། ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །གནས་དང་མལ་ཆ་དང་ཞེས་ཡོད་པའི་རྫས་དང་ཡོ་བྱད་
(ཨེ)
(སྒོ)
(གློ a)
(ཉི a)
སྲུང་བའི་ཡི་གེ །མཆོད་གཏོར་ལ་བརྩོན་པར་བྱའོ། །གནས་མལ་དང་ནོར་རྫས་སྲུང་བའི་ཆོ་གའོའི་མཐའ་ཅན།
རྫོང་པོད་ནའང་ཡོད།
མགོར། ནོར་ལ་ངན་གྱི་གདམས་པ་ནི། ཞེས་ཡོད་པའི་ནོར་
(སྒོ)
གྱི་རྗེས་སུ་འབྲང་བའི་མན་ངག་མིས་མི་མཐོང་བར་སྦས་ན་འགྲུབ་བོའི་མཐའ་ཅན། ༧མགོར། སྲིའུ་གསོ་ན་ཁམ་ཕོར་སོ་མ་བཏང་བ་ཞེས་ཡོད་པའི་སྲེའུ་གསོ་བའི་འཁོར་ལོའི་མན་ངག །
(ཨེ)
(སྒོ)
(ཉི a)
མ་ཧཱ་ཀཱ་ལའི་ལས་ཀྱི་མན་ངག་གོའི་མཐའ་ཅན།
རྫོང་པོད་ནའང་ཡོད།
མགོར། འདིའི་མཐུན་མོང་མ་ཡིན་པའི་ལས་ཁ་ཚར་ཞིག་བསྟན་ཏེ། ཞེས་ཡོད་པའི་སྲིའུ་གསོ་བ་བྲམ་ཟེ་ཁ་སྤུ་ཅན་གྱི་གདམས་པ། ཐུགས་དམ་དཔང་དུ་བཞག་སྟེ་དམ་བཅས་པའོའི་མཐའ་ཅན།