R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༦༨ན
[A:༤༦༨ན]སྦྱོར། རྟགས། སྲེག་གནན།
(ཨེ)
(སྒོ)
རྣམས་སྟོན་པ་སྦས་ཏེ་འཛམ་གླིང་དུ་མ་གྲགས་པ་སྙིང་ནང་གི་ཁྲག་ལྟ་བུའི་ཤོག་དྲིལ།
(༢)
མགོར། ཆོས་སྐྱོང་ཞི་བར་ཞེས་ཡོད་པའི་བསྙེན་དུས་ཀྱི་མགོན་པོ་ལ་བརྟེན་པའི་ཆོས་སྐྱོང་ཞི་བ་ནོར་དུ་སྒྲུབ་པའི་ཤོག་དྲིལ། སྒྲུབ་ལུགས་ཡིན་ནོ་རྫོགས་སོའི་མཐའ་ཅན། མགོར། བུདྡྷ་ཨཱཤྲི་ཝཱ་ཤཾ་ཀུ་རུ། ཞེས་ཡོད་པའི་ཞལ་གཅིག་ཕྱག་གཉིས་པ་མ་ཧེའི་གདན་ལ་བཞུགས་པ། ནང་ཙིཏྟ་ལ་བརྟེན་ནས་ཞལ་དངོས་སུ་བལྟ་བའི་ཤོག་དྲིལ་རྫོགས་སོའི་མཐའ་
(༤)
ཅན། མགོར། དཔལ་ལྡན་གདོང་བཞི་པ་སྒྲུབ་པ་ལ། ཞེས་ཡོད་པའི་ཕྱིའི་སྒབ་འདྲེ་བདུད་མོ་ཤཱནྟི་རོ་ཟན་མ་གནོན་པ་འབྲུག་མགོ་ཅན་གྱི་ཤོག་
(༥)
དྲིལ། མགོར། བྱད་མའི་ངག་མནན་པ་ནི། ཞེས་ཡོད་པའི་ནང་གི་མལ་འོག་སྲུང་བར་བྱད་མའི་ངག་མནན་པའི་ཤོག་
(༦)
དྲིལ། མགོར། མན་ངག་འདིའི་ཞལ་གདམས་ནི། ཞེས་ཡོད་པའི་གསང་བ་རང་སྲོག་རྟེན་གྱི་འཁོར་ལོ་ཁ་སྦྱོར་ཤོག་དྲིལ། ཞར་བྱུང་དུ་དམ་ཚིག །འཁུ་ལྡོག །འཆིང་བ། གཉེན་པོ། རིགས་སྔགས་གོ་ལྡོག་རྣམས་ཀྱང་ཟུར་ཙམ་བསྟན་པ་ཙཀྲའི་