R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༦༩བ
[A:༤༦༩བ]ཤེས་ལེགས་པར་ཐུགས་ལ་ཆོངས་ཀྱི་མཐའ་
(༡༩)
ཅན།
འདི་ལ་དཔལ་མགོན་གདོང་བཞི་པའི་མན་ངག་ཅེས་གོང་གི་གསལ་བྱེད་འདྲ་བ་གཅིག་ན་མོ་གུ་རུ་གཉིས་པ་བགྱིས་སོ་ཞེས་དང་། ཨ་མར་ཞེས་པ་ཡོད་པ་གཅིག་དང་བཅས་པའི་ནང་གསེས་ཆོས་ཚན་བཞིར་བྱེད་པ་འདྲ་བ་ཞིག་འདུག་ཀྱང་། དཀར་ཆག་ཏུ་བསྡོམས་པར་སྣང་ངོ་། །རྫོང་པོད་ནའང་བཞུགས།
མགོར། དཔལ་མགོན་ནག་པོ་ཆེན་པོ་མ་འཆུན་ན། ཞེས་ཡོད་པའི་མ་འཆུན་འཁུ་ལྡོག་བྱེད་ན་མནན་པའི་ཤོག་དྲིལ་ས་མཱཔྟ་མི་ཐའི་མཐའ་
(༢༠)
ཅན། མགོར། དཔལ་མགོན་པོ་ཆེན་པོ་གདོང་བཞི་པ་དགྲ་བོ་ལ་འགྲོ་མ་ཉན་ཅིང་། ཞེས་ཡོད་པའི་ལས་བྱེད་
( གློ)
དུ་འགྲོ་མི་འདོད་ན་ཨར་གཏད་ཀྱི་ཤོག་དྲིལ་ཤིན་ཏུ་སྦས་པའོའི་མཐའ་ཅན་རྣམས་དུས་གཅིག་ལ་མང་པོར་མི་སྤེལ་བའི་ཆིག་བརྒྱུད་
(༢༡)
གྲས། ཤོག་དྲིལ་དང་པོའི་གསལ་བྱེད་མགོར། བླ་མ་དང་དཔལ་ལྡན་མགོན་པོ་ལ་ཕྱག་འཚལ་ལོ། །རྗེ་བཙུན་ཀུ་སཱ་ལི་ཞེས་ཡོད་པ་རྗེ་བཙུན་
(དབང་)
རྡོ་རིངས་པ་ཆེན་པོས་མཛད་པ་བཟློག་པ་སོགས་གཞན་དུ་ཤེས་སོའི་མཐའ་ཅན། ཤོག་དྲིལ་དང་པོའི་རྒྱུན་གྱི་ཉམས་ལེན་ངག་འདོན་གསལ་བར་བཀོད་པ་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ་རྣམས་སོ། ། ༈ གཉིས་པ་དེ་ལས་ཟབ་མོའི་ཡིག་ཆུང་