R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༧༩བ
[A:༤༧༩བ]པའང་སྣང་ངོ་། །མགོར། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཞེས་ཡོད་པའི་གསང་ཁྲིད་ཀྱི་ཟིན་བྲིས་
(ཞ)
མཁན་ཆེན་ཞྭ་ལུ་བ་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་མཛད་པའི་ཡིག་ཆུང་ལྟར་གསུང་གིན་འདུག་གོའི་མཐའ་ཅན་རྣམས་སོ། ། གསུམ་པ་ཕྱི་སྒྲུབ་ཀུན་གྱི་སྙིང་པོར་གྱུར་པ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་སྙིང་ཐིག་ཧ་ལ་ནག་པོའི་སྐོར་ནི། ཕྱི་བྲམ་ཟེ་ལྟར་སྒྲུབ་པ། ནང་ཞིང་སྐྱོང་གཟི་ལྡན་དབང་ཕྱུག་གི་སྒྲུབ་པ། གསང་བ་སྟོབས་འཕྲོག་ནག་པོར་སྒྲུབ་པ་གསུམ་ལས་ཕྱི་མ་སྟེ། གོང་གི་ཕྱི་སྒྲུབ་དང་ཁྱད་པར་གྱི་མན་ངག་རྣམས་སུ་གབ་སྦས་ཐོར་བུ་བཞུགས་པས་ཤེས་རློམ་ཅན་དག་མན་ངག་གི་ཁོག་སྒྲིབ་མི་ཤེས་པའི་དཔེ་མཐོང་བས་ཕྱོགས་ཙམ་ཡང་མི་རྟོགས་པའི་ཕྱིར་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱི་གསུང་རྒྱུན་ཞལ་ཤེས་ཕྱག་ཁྲིད་ཁོ་ན་ལ་ལྟོས་དགོས་པས། རྗེ་བཙུན་ཀུན་སྤངས་རྡོ་རིངས་པ་ཆེན་པོ་ཡན་ཆད་དུ་ཡི་གེ་གསལ་བར་བཀོད་པ་མེད་འདུག་ནའང་། སྙིགས་མ་ལྔ་ཆེས་ཆེར་བདོ་ཞིང་བདུད་རིགས་སྙིང་ལ་ཞུགས་པའི་སྐྱེ་བོ་མི་བསྲུན་པ་དག་གིས་རྣམ་པར་འཚེ་བ་