R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༨༢བ
[A:༤༨༢བ]གསང་ཞིང་སྦ། །སྦས་ཀྱང་ཤེས་ན་ཁྱི་དང་གློ་བ་ནི། །འཕྲད་ལྟར་མི་བྱ་རིམ་གྱིས་བརྟགས་བྱས་ཏེ། །སྐལ་བཟང་སྣོད་དང་ལྡན་པའི་བུ་མཆོག་ལ། །ཆིག་བརྒྱུད་ཁོ་ནར་བྱིན་ལ་རྒྱས་གདབ་བྱ། །ཞེས་པའི་དོན་སྙིང་གི་དཔལ་བེའུར་བཅངས་དགོས་པས་ཞིབ་ཆ་མཐའ་དག་ཡིད་ལ་རི་མོར་འབྲི་བ་དང་། གལ་ཏེ་བརྗེད་ངས་ཀྱིས་འཇིགས་ན་ཐོ་གསལ་པོར་བྲིས་ནས་གུང་དུ་བཅང་བ་ལས་ཐོ་ཡིག་ཡོངས་རྫོགས་སུའང་རྒྱས་པར་མི་འབྲི་བ་ཕྱག་ལེན་ནོ། ། དེ་ལྟར་ཆོས་སྐོར་རྣམས་ཡོངས་སུ་རྫོགས་
སྔགས་འཆང་ཆེན་པོའི་ཡིག་སྟེང་ནས་བསྙེན་དུས་ཐུན་མོང་གི་རྗེས་གནང་གི་བརྒྱུད་པ་ཞལ་ངོ་ནང་བརྒྱུད་ནི། ཐེག་ཆེན་བཀྲ་ཤིས་རིན་ཆེན་ཡན་གོང་ཡབ་རྗེ་མཆོག་ལས་ཐོབ་སྐོར་བཞིན་ལ། དེ་ནས་རནྟ་བྷ་དྲ། དེས་ཀརྨ་ར་ཛ་མན་འདྲ།
པར་ནོས་པ་ལས། བསྙེན་དུས་ཀྱི་མགོན་པོའི་རྗེས་གནང་དང་།
ཚར་པ་ཆོས་རྗེས་མཛད་པའི་ཕོ་ཉ་མྱུར་མགྱོགས་དང་རྗེས་གནང་གི་ཡི་གེའི་སྟེང་ནས།
རི་སུལ་གྱི་རྣལ་འབྱོར་མ་ནས་བརྒྱུད་པའི་ས་བཅད་དང་། ཕྱི་སྒྲུབ་སྐོར་དང་། ས་བཅད་གསུང་པ་སྙིང་ནང་གི་ཁྲག་ལྟ་བུ་ཁྱད་པར་གྱི་མན་ངག་རྣམས་ལས་ཤོག་དྲིལ་དང་པོའི་གསལ་བྱེད་རྗེ་བཙུན་རྡོ་རིངས་པ་ཆེན་པོས་མཛད་པ་མ་གཏོགས་ཡོངས་རྫོགས། དཀར་ཆག་གིས་མ་ཟིན་པའི་ས་བཅད་དང་པོའི་ལྡོང་གཡུང་