R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): i-༣
[A: i-༣]རབ་བྱུང་བཅོ་ལྔ་པའི་ཤིན་ཡོས་ནས་རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་བར་ལོ་བཅོ་བརྒྱད(༡༩༡༥ ནས་ ༡༩༣༢)གདན་སར་བཞུགས། ས་སྐྱའི་ཁྲི་ཐོག་སོ་བཞི་པ་ཡིན། ཁོང་གིས་བརྩམས་པའི་གདུང་རབས་འདི་ནི་ཀུན་དགའ་བློ་གྲོས་ཀྱི་《གདུང་རབས་ཡོན་ཏན་ལྷུན་གྲུབ》ཀྱི་ཞལ་སྐོང་དུ་བརྩམས་པ་ཞིག་ཡིན་ལ། འདིའི་ནང་དུས་མཆོད་བླ་བྲང་གི་གདུང་རབས་ཀུན་དགའ་བློ་གྲོས་ནས། ངག་དབང་རྡོ་རྗེ་རིན་ཆེན་བར་གདུང་རབས་བརྒྱད་དང། ཕུན་ཚོགས་ཕོ་བྲང་གི་གདུང་རབས། རྗེ་བཙུན་མ་རྟ་མགྲིན་དབང་མོ་ནས་འཇམ་དཔལ་དངོས་གྲུབ་རྒྱ་མཚོའི་བར་ལྔ། སྒྲོལ་མ་ཕོ་བྲང་གི་གདུང་རབས་བཀྲ་ཤིས་རིན་ཆེན་ནས། དྲག་ཤུལ་འཕྲིན་ལས་རིན་ཆེན་བར་བདུན་བཅས་ཁྱོན་སྡོམ་གདུང་རབས་ཉི་ཤུ་ཐམ་པའི་རྣམ་ཐར་འཁོད་ཡོད་ཅིང་། ༡༧༢༩ ལོ་ནས ༡༩༣༢ ལོའི་བར་གྱི་ས་སྐྱའི་ལོ་རྒྱུས་གསལ་བར་འཁོད་ཡོད། གདུང་རབས་འདིའི་མ་ཕྱི་ནི་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ་བཞུགས་པའི་དབུ་མེད་བྲིས་མ་འབྲུ་མ་དག་པ་མང་ཞིང་གོ་རིམ་ཡང་ལེགས་པོ་རང་མེད་པ་ཐོག་མའི་ཟིན་བྲིས་ལྟ་བུ་ཞིག་འདུག ཁོ་བོས་ཅི་ནུས་ཀྱིས་ལེགས་བཅོས་བྱས་ཡོད་ཀྱང་ད་དུང་མ་མཐོང་བ་དང། མ་རྟོགས་པ་ངེས་པར་ཡོད་སྲིད་པས།