R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A):
[A:ཁ] གླེང་བརྗོད། ༄༅། །སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་ཐུགས་བསྐྱེད་གཞན་ཟླ་བྲལ་བའི་མཛད་རླབས་ལ་བརྟེན་ནས་མ་རིགས་རང་ཉིད་ཀྱི་སྐད་ཡིག རིག་གཞུང་སྤྱི་དང། ལྷག་དོན་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་འཚེ་མེད་ཞི་བའི་ལམ་བཟང་གསལ་བར་སྟོན་པའི་ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛམ་གླིང་ནང་རྒྱ་ཆེར་ཁྱབ་གདལ་དུ་འགྲོ་བཞིན་པའི་སྐབས་འདིར་རིས་མེད་ཆོས་ལུགས་སོ་སོའི་སྔོན་བྱོན་མཁས་གྲུབ་དམ་པ་གོང་མའི་བཞེད་སྲོལ་རང་ལུགས་ཀྱི་ཆོས་འབྱུང་ལོ་རྒྱུས་རྣམས་ཉམས་མེད་དགོས་པ་གལ་ཆེར་བརྟེན་ཕྱོགས་དང་ཕྱོགས་ནས་ཕྲན་ན་ལེནྡ་བཅོ་བརྒྱད་ཁྲི་མིང་སབྷཥི་ཏར་ས་ལུགས་ཀྱི་ཆོས་འབྱུང་མདོར་བསྡུས་ཁ་གསལ་ཞིག་རྩོམ་བསྒྲིགས་དགོས་པའི་བསྐུལ་མ་བྱུང་བར། དཔལ་ལྡན་ས་ངོར་ཚར་གསུམ་གྱི་ཆོས་འབྱུང་ཕྱོགས་བསྒྲིགས་རྒྱས་པ་བོད་དུ་བཞུགས་གྲས། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་བསྟན་པ་སྤྱིའི་