R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༦༢
[A:༦༢]སྟག་གིས་བསྐྱངས། ཡར་ཀླུང་བཀྲིས་ཆོས་སྡེ་ནི་ཚར་ཆེན་རིན་པོ་ཆེའི་དངོས་སློབ་རྩེ་ཚོགས་མཁན་ཆེན་ཡོལ་བ་གཞོན་ནུ་བློ་གྲོས་ཀྱིས་བཏབ་ཅིང་གནས་གསར་བའི་དབོན་བརྒྱུད་དང་མཆོག་སྤྲུལ་འགྲན་ཟླ་མེད་པ་རིམ་པས་བསྐྱངས་ཤིང་བཤད་སྒྲུབ་རྒྱ་ཆེ་བཀོད་གཙང་ཡོད། ཚར་ལུགས་ཞེས་ཡོངས་སུ་གྲགས་པ་ནི། བླ་མ་དམ་པ་ལས་ངོར་ཆེན་ཡབ་སྲས་དང་། འཁོན་གདུང་ཞལ་ངོ་ཚིགས་བརྒྱུད་དུ་བྱོན་པ་སོགས་མདོར་ན་སྙན་བརྒྱུད་ཟབ་ཆོས་གསེར་ཆོས་བཅུ་གསུམ་མགོན་པོ་ཆེ་ཆུང་སོགས་མན་ངག་གདམས་པའི་བཀའ་ཐམས་ཅད་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་ལ་བབས། དེས་རྡོ་རིང་ཀུན་སྤང་པ་ཆེན་པོ་ལ་བུམ་པ་གང་བྱོའི་ཚུལ་དུ་གནང་། དེས་ཁའུ་བྲག་རྫོང་སོགས་སུ་སྐུ་ཚེ་ཧྲིལ་པོར་སྒྲུབ་པའི་རྒྱལ་མཚན་བཙུགས་པས་རྟོགས་པའི་གོ་འཕང་མཐོན་པོར་གཤེགས། ཟབ་གསང་སེངྒེའི་སྒྲ་དབྱངས་རྒྱུན་མི་འཆད་པར་བསྒྲགས་པས་རྗེ་བཙུན་ཁའུ་པའི་རིང་ལུགས་ཞེས་གྲགས། དེ་ལ་སློབ་མ་མང་དུ་