[A:189] བླ་མ་ཆོས་སྐུ་འོད་ཟེར། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། འཇམ་དབྱངས་གྲགས་པ་རྒྱལ་མཚན། སློབ་དཔོན་ཡེ་ཤེས་རྒྱ་མཚོ། ཐམས་ཅད་མཁྱེན་པ་ཆེན་པོ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ། མཁས་གྲུབ་རིགས་པའི་གློག་ཕྲེང་ངམ། འཁྲུལ་ཞིག་བློ་གྲོས་ཐོགས་མེད་གཉིས་བརྟག །བླ་མ་མ་ཎི་བཛྲ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས། དེས་ཕྲིན་ལས་སོ། ༈ །བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་སྦྱོང་བ་ཞེས་བྱ་བའི་གཟུངས་ལས་གསུངས་པ་བྱ་རྒྱུད་རྡོ་རྗེའི་རིགས་ལས་རྡོ་རྗེའི་རིགས་ཀྱི་གཙོ་བོ། སློབ་དཔོན་ཀུན་དགའ་སྙིང་པོའི་རྣལ་འབྱོར་རྒྱུད་ཀྱི་ཆོ་ག་བསྡུས་པའི་ལུགས་སུ། འཆི་བདག་འཇོམས་པ་དང་གཙོ་བོ་འཕོ་བའི་རིགས་ལས་ལྷ་བཅུ་གསུམ་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། སློབ་དཔོན་ཡེ་ཤེས་རྒྱ་མཚོའི་ངག་འདོན་ཀུན་མཁྱེན་བུའི་དཀྱིལ་ཆོག་ལས་སྒྲིབ་རྒྱུན་གཅོད་ནས།
སློབ་མའི་དབང་དངོས་གཞི།
དབང་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཐུབ་པ་ཆེན་པོ། ཀུན་དགའ་བོ། རྗེ་ཀུན་དགའ་གྲོལ་མཆོག་གསན་ཡིག་ན། ཉི་མ་གུང་པ། ཐམས་ཅད་མཁྱེན་པའི་བཤེས་གཉེན། ཀླུ་སྒྲུབ། ཅེས་འདུག་པ་ངེས་པར་དགོས་པ་འདུག །
ཀླུ་སྒྲུབ། ཨཱརྱ་དེ་བ། ཨ་བ་དྷཱུ་ཏཱི་པ། ཨ་བྷྱ་ཀ་ར་གུཔྟ། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་ཨ་ཏི་ཤ །འབྲོམ་སྟོན་པ། པོ་ཏོ་བ། ཤ་ར་བ། རྒྱ་ཡེ་སྒོམ། གྲུབ་ཐོབ་ཧཱུྃ་འབར། ཞང་དགེ་སློང༌། དགེ་སློང་དཀོན་ཤེས། བླ་མ་འཁུན་སྟོན། རོང་པ་དཀོན་མཆོག་འབར། མཁན་པོ་དབང་རིན། ཁམས་པ་ས་ཕུག་པ། དབུས་པ་སངས་རྒྱས་འབུམ། ཆོས་འོད། འཕགས་འོད། ཡང་ན། འཁུན་སྟོན་ནས། འཕགས་འོད། ཡང་ན༑ དཀོན་ཡེས་ནས་མཁན་པོ་འབྲོམ། གཡའ་ལུང་དགོན་གསར་བ། རིན་བླ། འོང་ཆུང་པ་གཞོན་ནུ་འོད། གྲགས་ཆེན་པ། ཀུན་མཁྱེན་འཕགས་འོད། ཡང་ན་མཁན་ཆེན་