R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 188
[A:188]པྲཛྙཱ་ཝ་ལི་ཏ། རབ་འབྱོར་སྐྱངས། པྲཛྙཱ་བོ་དྷཱི། མུཀྟི་ཀོ་ཥ། ལོ་ཆེན་རིན་ཆེན་བཟང་པོ། རྒྱ་ཡེ་ཚུལ། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ་འོད་ཟེར། རྩ་སྐྱ་སྟོན་གྲགས། མཉམ་ཁད་པ་ཆེན་པོ། རྩ་སྐྱ་སྟོན་འབུམ། རྩ་སྐྱ་ཁྲི་བརྟན། སྣུར་ཡེ་རྒྱལ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ །ཀུན་མཁྱེན་བུ་སྟོན་རིན་པོ་ཆེ། དབང་རྣོན་རྒྱལ་བ་མཆོག་གྲུབ། སྐུ་ཞང་ནམ་མཁའི་མཚན་ཅན། ཆོས་རྗེ་རིན་ཆེན་དཔལ་གྲུབ། སྐུ་ཞང་མཁྱེན་རབ་ཆོས་རྗེ། བྱང་གླིང་པ་རིན་ཆེན་རྒྱལ་པོ། གནས་བརྟན་བསྟན་པ་བཟང་པོ། བྱང་གླིང་འཇམ་དབྱངས་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ། བླ་མ་དཔལ་ལྡན་ཆོས་བཟང༌། བླ་མ་
ལྷ་བོ་པ་
དམ་པ་རིན་ཆེན་རྒྱ་མཚོ། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་ཕྲིན་ལས་རྣམ་རྒྱལ་ལའོ། །
རྡོ་རྗེ་འཆང་བློ་གྲོས་དབང་ཕྱུག །བླ་མ་ཀུན་དགའ་བསམ་གྲུབ། བླ་ཆེན་ཀུན་དགའ་ཆོས་འཕེལ། སྦལ་སྟོན་བློ་གྲོས་དཔལ་ལྡན། བྱམས་པ་ཀུན་དགའ་ཆོས་དབང༌། གསུམ་ལྡན་ཕུན་ཚོགས་ཆོས་འཕེལ། དེས་བདག་ངག་མིང་ལའོ། །
ཆོས་དབྱིངས་གསུང་དབང་འཇམ་དཔལ་མཚན་བརྗོད་ནས་གསུངས་པ་སློབ་དཔོན་འཇམ་དཔལ་གྲགས་པས་རྣལ་འབྱོར་རྒྱུད་དུ་བཀྲལ་བ་དཀྱིལ་འཁོར་སྒོ་སྦྲག་བཞི་ལྷ་གྲངས་ཉིས་བརྒྱ་དང་ཉི་ཤུ་རྩ་དགུའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། སློབ་དཔོན་ཡེ་ཤེས་རྒྱ་མཚོའི་ངག་འདོན། ཀུན་མཁྱེན་བུའི་དཀྱིལ་ཆོག་མཁས་པའི་དགའ་སྟོན་ནས་དབང་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ་དབྱངས། ཛྙཱ་ན་པ། འཇམ་དཔལ་གྲགས་པ། དཔལ་སྦས་བཟང་པོ། བྲམ་ཟེ་ཡེ་ཤེས་རྡོ་རྗེ༑ ཤེས་རབ་འབྱུང་གནས་སྦས་པ། བྲམ་ཟེ་བཞད་པ་རྡོ་རྗེ། པདྨ་ཀ་ར་དང༌། ཤྲདྡྷ་ཀ་ར་ཝརྨ་གཉིས་ལ། ལོ་ཆེན་རིན་ཆེན་བཟང་པོ། དེ་ལ་ལོ་ཆུང་ལེགས་པའི་ཤེས་རབ། རྔོག་གེ་སེར་བ། སྐྱང་པོ་དར་མ་གྲགས། ཁྲི་སྟོན་ཀུན་དགའ་འོད། མཁན་པོ་ཆོས་རིན།