R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 193
[A:193]གདན་པ། རྡོ་རྗེ་གདན་པ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་ཆེན་པོ་རིན་ཆེན་གྲགས། བླ་མ་ས་ཆེན། སློབ་དཔོན་རྩེ་མོ། རྗེ་བཙུན་གྲགས་པ། ས་སྐྱ་པཎ་ཆེན། ཆོས་རྒྱལ་འཕགས་པ༑ ཤར་པ་ཤེར་འབྱུང༌། རྡོ་རྗེ་འོད་ཟེར། ཨེ་པ་འཇམ་དབྱངས། བག་སྟོན་ཚུལ་རྒྱལ། ཀུན་མཁྱེན་པ། བླ་མ་ནམ་མཁའ་འོད་ཟེར། སྒྲ་པ་ཤེས་རབ་རིན་ཆེན། རྗེ་བཙུན་རྡོ་རྗེ་གདན་པ་ཆེན་པོ། མཁན་ཆེན་བསོད་ནམས་རྒྱ་མཚོ། རྗེ་བཙུན་ཚེ་དབང་བཀྲ་ཤིས། བླ་མ་ཨུརྒྱན་རྒྱལ་པོ། མཁན་ཆེན་བསོད་ནམས་རྒྱལ་པོ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། མཐོ་རིས་ཡོན་ཏན་བདུན་ལྡན་རྡོ་རྗེ་འཛིན་པ་བྱམས་པ་དགེ་བའི་དབང་པོ།
ཆོས་རྗེ་ཕྲིན་ལས་རྣམ་རྒྱལ། མགོན་པོ་བསོད་ནམས་མཆོག་ལྡན། རིན་ཆེན་རྒྱ་མཚོ། གྲྭ་ཐང་སྙན་མཁར་སློབ་དཔོན། ཚེ་དབང་ཀུན་དགའ་ཆོས་དར། རྡོ་རྗེ་འཆང་ཀུན་དགའ་བསྟན་དར། མཁན་ཆེན་ཀུན་དགའ་དབང་རྒྱལ། བྱམས་པ་བསྟན་འཛིན་ཚུལ་ཁྲིམས། དེས་བདག་ངག་མིང་ལའོ། །
དེས་བདག་གོ །ཡང༌། བིརྺ་པ། ཞི་བ་འཚོ། པདྨ་འབྱུང་གནས། འཁོན་ཀླུའི་དབང་པོ། རྡོ་རྗེ་རིན་ཆེན། ཤེས་རབ་ཡོན་ཏན། ཡོན་ཏན་འབྱུང་གནས། ཚུལ་ཁྲིམས་རྒྱལ་པོ། རྡོ་རྗེ་གཙུག་ཏོར། དགེ་སྐྱབས། དགེ་མཐོང༌། འཁོན་བལ་པོ། ཤཱཀྱ་བློ་གྲོས། འཁོན་རོག་ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་མཆོག་རྒྱལ་པོ། བླ་མ་ས་སྐྱ་པ་ཆེན་པོ་སོགས་སོ།
༈ །རྒྱུད་ཐམས་ཅད་ཀྱི་རྩ་བ། བྱ་བའི་རྒྱུད་ལས་དཀྱིལ་འཁོར་ཆེན་པོ་བཀོད་པའི་ལེའུ་ལས་རིགས་གསུམ་སྤྱིའི་དབང༌། རིགས་གསུམ་རིག་གཏད་གསང་བ་སྤྱི་རྒྱུད་ལ་བརྟེན་པ། བྱ་སྤྱོད་ཐུན་མོང་བའི་ཆོ་ག །རྗེ་བཙུན་གྲགས་པའི་དཀྱིལ་ཆོག་ངོ་བོ་ལ། ཀུན་མཁྱེན་རྡོ་རྗེ་གདན་པའི་གསུང་མཆན་གྱིས་ངག་འདོན་ཕལ་ཆེར་ལ། འཇམ་དབྱངས་ལྷ་ལྔ་ནས་ཅུང་ཟད་ཁ་བསྐང་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་ཐོབ་པའི་བརྒྱུད་པ་ནི། འདིའི་སྟོད་ཀྱི་བརྒྱུད་པ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་གསན་ཡིག་ལས་རྙེད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཨིནྡྲ་བྷཱུ་