R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 194
[A:194]ཏི་ཆེ་འབྲིང་ཆུང་གསུམ། པཎྜི་ཏ་སྨྲ་བའི་ནོར་བུ། ཀུན་སྙིང༌། རབ་ཞི་བཤེས་གཉེན། ཁ་ཆེ་ཡེ་ཤེས་རྡོ་རྗེ། པུ་ཧྲངས་ལོ་ཆུང༌། ས་ཆེན། གྲགས་པ་སོགས། ཁ་ཆེ་ཡེ་ཤེས་རྡོ་རྗེ། ལོ་ཆུང་གྲགས་འབྱོར་ཤེས་རབ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་རྩེ། རྗེ་བཙུན་གྲགས་པ། ས་སྐྱ་པཎ་ཆེན། དེ་པ་སྟོན་ཚུལ། ཡར་ཀླུང་པ་རྒྱལ་ཚ་ལུང་མངས་པ། ལོཙྪ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ །ཐོག་སྟོན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་བསོད་ནམས་བཟང་པོ། རྗེ་བཙུན་རྡོ་རྗེ་གདན་པ་ཆེན་པོ༑ བླ་མ་ཡོན་ཏན་རྒྱ་མཚོབླ་མ་ཚེ་དབང་བཀྲ་ཤིསབླ་མ་ཨུརྒྱན་རྒྱལ་པོ། རྗེ་བསོད་ནམས་རྒྱལ་པོ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དྲིན་ཅན་རྩ་བའི་བླ་མ་བྱམས་པ་དགེ་བའི་དབང་པོ། དེས་བདག་གོ ། ༈ ཚེ་དཔག་མེད་ལྷ་དགུ་བྱ་རྒྱུད་པདྨའི་རིགས་ཀྱི་རྒྱུད་ལས། རིགས་ཀྱི་གཙོ་བོ་འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བའི་སྙིང་པོ་འཆི་མེད་རྔ་སྒྲའི་གཟུངས་ནས་གསུངས་པ་སློབ་དཔོན་ཛེ་ཏཱ་རིའི་མན་ངག་བཞིན་སྔགས་ཀྱང་འཆི་མེད་རྔ་སྒྲ་ཁོ་ན་དང༌། སྤྲོ་ལུང་པ་ཀུན་དགའ་སྨོན་ལམ་གྱི་ཡི་གེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང༌། བཀྲུ་བྱབ་སྲུང་མཐའ་རྟེན་བཀྲ་ཤིས་རྫས་བརྒྱད་དང་བཅས་པ་ཐོབ་པའི་བརྒྱུད་པ་ས་ལུགས་ནི། མགོན་པོ་ཚེ་དཔག །གྲུབ་ཐོབ་སྙིང་པོའི་ཞབས། ཛེ་ཏཱ་རི་པ། བྱང་ཆུབ་བཟང་པོ། ཏིང་ངེ་འཛིན་བཟང་པོ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། ས་ཆེན་ཀུན་དགའ་སྙིང་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་པཎ། ཆོས་རྒྱལ་འཕགས་པ། ལོ་མཆོག །ལོ་ཆེན། རྩེ་མོ། མཁན་པོ་བཀྲ་ཤིས་རིན་ཆེན། མཁན་ཆེན་སེང་གེ་དཔལ། བྲག་ཐོག་པ་ཆེན་པོརྗེ་བཙུན་རྡོ་རྗེ་གདན་པ་ཆེན་པོམཁས་གྲུབ་རྣམ་རྒྱལ་རིན་ཆེནའཇམ་དབྱངས་བྱང་ཆུབ་དབང་རྒྱལ། དེ་གཉིས་ཀར་