R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 198
[A:198]པའི་སངས་རྒྱས། འཇམ་དཔལ་དབྱངས། ཛྙཱ་ན་གརྦྷ། ཛྙཱ་ན་ཤཱནྟ། བུདྡྷ་ཤཱནྟ། བུདྡྷ་གུ་ཧྱ། ཀུ་ས་ལི་ཆེ་ཆུང་གཉིས། སུ་ཝརྞ་དྭི་པ་དྷརྨ་ཀཱིརྟི། དཔལ་དཱི་པཾ་ཀ་ར། གོ་མི་སྒོམ་ཆེན། ཀྱི་ནོར་ཛྙཱ་ན། གཉག་ལྡོམ་བུ་བ། སྤུག་ཐམས་ཅད་མཁྱེན་པ། ཆོས་ཀྱི་རྒྱལ་མཚན། བྱ་རིན་ཆེན་འོད། བློ་ཆེན་སངས་རྒྱས་སྲས། བདེ་བ་ཅན་པ་ཡེ་ཤེས་མགོན་པོ། བླ་མ་སེང་གེ་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། ལོ་ཙཱ་བ་མ་ཎི་ཀ་ཤྲཱི་ཛྙཱ་ནཱ། ས་བཟང་འཕགས་པ༑ རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དབང༌། ཡོངས་འཛིན་དཀོན་མཆོག་འཕེལ། བྱ་བཏང་ཀུན་དགའ་མཆོག་ལྡན། རྗེ་སངས་རྒྱས་སེང་གེ །ཐར་རྩེ་པ་ནམ་མཁའ་དཔལ་བཟང༌། མཁས་གྲུབ་དཔལ་ལྡན་དོན་གྲུབ། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། བཀའ་འགྱུར་བ་རིན་ཆེན་རྒྱ་མཚོ། མཁན་ཆེན་བཀའ་དྲིན་མཉམ་མེད་འཇམ་དབྱངས་བསྟན་འཛིན། དེས་དགྱེས་པ་ཆེན་པོས་ཕྲིན་ལས་པ་ལའོ། ། ཡང་བཅོ་བརྒྱད་ཆོས་རྗེ། རྩ་བའི་བླ་མ། ཟུར་རིགས་ཀུན་བདག་པོ་ཆོས་དབྱིངས་རང་གྲོལ། ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ། ཕ་བོང་ཁ་པ་འཇམ་དབྱངས་གྲགས་པ། མཁན་ཆེན་ངག་དབང་བསྟན་འཛིན།
ཕ་བོང་ཁ་པ་འཇམ་དབྱངས་གྲགས་པས་རྒྱལ་དབང་བློ་བཟང་རྒྱ་མཚོ་ལ་མ་གསན་ངེས་པ་ཡིན་འདུག་པས་བརྒྱུད་པ་ཨེ་ཡོད་བརྟག་རྒྱུ།
དེས་བདག་གོ །ཡང་ན་བྱ་བཏང་ཀུན་དགའ་མཆོག་ལྡན་ནས། རྗེ་ལྷ་མཆོག་སེང་གེ །སངས་རྒྱས་སེང་གེ་མན་འདྲ། །ཡང་ན་དཀོན་མཆོག་འཕེལ་ནས། འཇམ་དབྱངས་ས་སྐྱ་ལོ་ཙཱ་བ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཐར་རྩེ་པ་མན་གོང་བཞིན་ནོ༑ ༑ཡང་ན་ཇོ་བོ་ཆེན་པོ་ནས། བ་རི་ལོ་ཙཱ་བ། རྗེ་བཙུན་ས་ཆེན། སློབ་དཔོན་རྩེ་མོ། རྗེ་བཙུན་གྲགས་པ། ཆོས་རྗེ་ས་པཎ། ཆོས་རྒྱལ་འཕགས་པ། སྣུར་ཡེ་ཤེས་རྒྱལ་མཚན། སྣུར་ཆོས་འཕགས། གར་ཐིག་པ་སེང་གེ་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། ཐེལ་