R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 209
[A:209]ལངས་བདེ་བ་དང༌། །བུདྡྷ་གུ་ཧྱ་སློབ་དཔོན་ཧཱུྃ་ཀཱ་ར། །པདྨ་ཐོད་འཕྲེང་བི་མ་ལ་མི་ཏྲ། ། ཤཱི་ལ་མཉྫུ་རྡོ་རྗེ་བདུད་འཇོམས་དང༌། །གཉགས་ཆེན་ཛྙཱ་ན་འཁོན་སྟོན་ཀླུ་དབང་སྲུང༌། ། རྡོ་རྗེ་རིན་ཆེན་ཡོན་ཏན་འབྱུང་གནས་དང༌། །ཚུལ་ཁྲིམས་རྒྱལ་པོ་གཙུག་ཏོར་ཤེས་རབ་དང༌། །འཁོན་རིགས་དགེ་སྐྱབས་འཁོན་སྟོན་བལ་པོ་དང༌། །འཁོན་རིགས་དགེ་མཐོང་ཤཱཀྱ་བློ་གྲོས་ཞབས། །ཤེས་རབ་ཚུལ་ཁྲིམས་དཀོན་མཆོག་རྒྱལ་པོ་དང༌། །བརྩེ་བ་ཆེན་པོ་སློབ་དཔོན་རིན་པོ་ཆེ། །རྗེ་བཙུན་གྲགས་པ་ཆོས་རྗེ་པཎྜི་ཏ། །ཆོས་རྒྱལ་འཕགས་པ་འོད་ལྡན་ཁའུ་པ། །བུ་ལུང་ཀུན་རྡོར་ལོ་ཆེན་མཆོག་ལྡན་པ། །དགའ་ལྡན་ཀུན་བསོད་གན་པ་རིན་རྒྱལ་རྗེ། །བསོད་ནམས་རྒྱལ་མཚན་ཤེས་རབ་རྡོ་རྗེ་དང༌། །ཆོས་དཔལ་ཤེས་རབ་སེང་གེ་རྒྱལ་མཚན་དང༌། །ཀླུ་པ་བསོད་དར་དམར་སྟོན་རྒྱལ་མཚན་འོད། ། ནམ་མཁའ་བློ་གྲོས་ཆག་ལོ་གསུམ་པ་དང༌། །ས་ལོ་འཇམ་རྡོར་རྗེ་བཙུན་ཀུན་དགའ་ལེགས། །མཁྱེན་བརྩེའི་ཞབས་དང་དབང་ཕྱུག་རབ་བརྟན་དཔལ། །ས་ཆེན་ཀུན་བསོད་འཇམ་དཔལ་རྡོ་རྗེ་ཞབས། །
མཁས་བཙུན་བཟང་པོ་ཕྲིན་ལས་རྣམ་རྒྱལ་བ། །རྡོ་རྗེ་འཆང་དངོས་བློ་གྲོས་དབང་ཕྱུག་ཞབས། །ཆོས་དབང་རྒྱ་མཚོ་བསོད་ནམས་རྒྱལ་མཚན་དཔལ། །བཀའ་དྲིན་མཉམ་མེད་ཡེ་ཤེས་རྣམ་རྒྱལ་ཞབས། །གང་དང་དབྱེར་མེད་ཕུན་ཚོགས་ཆོས་འཕེལ་དེས། །ཤཱི་ལ་དྷྭ་ཛ་བདག་ལ་ལེགས་པར་བསྩལ། །འདི་ལ་བརྒྱུད་སྲོལ་མང་དུ་མཆིས་སོ།
རྨི་ལྟས་བཟང་པོ་དང་བཅས་བདག་གིས་ཐོབ། །དེ་ཡང༌། རྡོ་རྗེ་གདན་འདིར་སློབ་མ་ཉེར་ལྔ་རེའི་བགྲངས་ཀྱིས་བཅད་པའི་དབང་ཚར་བཅུ་གཉིས་གནང་བའི་དུས་སུའོ། ། སློབ་དཔོན་རིན་པོ་ཆེས་གྲགས་པའི་ཞབས་ལ་འདུད་དེ། དམ་བཅའ་བའོ། ༈ །རྡོ་རྗེ་ཕུར་པ་ལྷ་ཁྲ་བཀའ་མ་ལུགས་སྟོད་ལས་བྱང་ཆུབ་སྒྲུབ་པ་དང༌། སྨད་ལས་དྲག་པོ་སྒྲོལ་བའི་རྗེས་གནང༌། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་མངོན་རྟོགས་གསུམ་དང་དཀྱིལ་ཆོག་ནས་དངོས་སྟ་