R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 210
[A:210]འབྲེལ་བའི་ལུགས་ཕྱག་ལེན་ཆུ་བབས་སུ་བྱུང་བ་ཐམས་ཅད་མཐུན་པར་སྲུང་སྐུད་སྐྱེས་པའི་དཔུང་པ་གཡོན་དུ་འདོགས་པ་སོགས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་གཞོན་ནུ། ཀརྨ་ཧེ་རུ་ཀ །རིགས་ཀྱི་རྡོ་རྗེ་འཆང༌། སློབ་དཔོན་ཨུ་པ་རཱ་ཛ། པྲ་ཝ་ཧ་ཏི། དྷ་ན་སཾ་སྐྲྀ་ཏ། པདྨ་སཾ་བྷ་བ། སྣ་རྣམ་རྡོ་རྗེ་བདུད་འཇོམས། འཁོན་རྡོ་རྗེ་རིན་ཆེན། ཤེས་རབ་ཡོན་ཏན། ཡོན་ཏན་འབྱུང་གནས། ཚུལ་ཁྲིམས་རྒྱལ་པོ༑ རྡོ་རྗེ་གཙུག་ཏོར། དགེ་སྐྱབས། དགེ་མཐོང༌། འཁོན་སྟོན་བལ་པོ། འཁོན་ཤཱཀྱ་བློ་གྲོས། འཁོན་ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་མཆོག་རྒྱལ་པོ། བླ་མ་ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ། འཇམ་དབྱངས་ས་པཎྜི་ཏ་ཆེན་པོ། ཆོས་རྒྱལ་འཕགས་པ་རིན་པོ་ཆེ། འོད་ལྡན་དཔལ། གོ་ལུང་པ་ཀུན་དགའ་རྡོ་རྗེ། ལོ་ཙཱ་བ་མཆོག་ལྡན། དགའ་ལྡན་པ་ཀུན་བསོད། གན་པ་བ་རིན་ཆེན་རྒྱལ་མཚན། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ཀུན་དགའ་བཀྲ་ཤིས། མཁན་ཆེན་སེང་གེ་དཔལ་བ། བྲག་ཐོག་པ་ཆེན་པོ། ཐམས་ཅད་མཁྱེན་པ་ཆེན་པོ་རྡོ་རྗེ་གདན་པཆོས་རྗེ་ཕུན་ཚོགས་གླིང་པཡོངས་འཛིན་ཤཱཀྱ་ཀུན་དགའབླ་ཆེན་ཡེ་ཤེས་མཚན་ཅནརྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས
བཀའ་འགྱུར་བ་རིན་ཆེན་རྒྱ་མཚོ། བྱམས་པ་བསྟན་པ་རྒྱ་མཚོ། དེ་གཉིས་ཀར། རྡོ་རྗེ་འཆང་བློ་གྲོས་དབང་ཕྱུག །མཁན་ཆེན་ཆོས་དབང་རྒྱ་མཚོ། བླ་ཆེན་བསོད་ནམས་རྒྱལ་མཚན། མཁན་ཆེན་ཡེ་ཤེས་རྣམ་རྒྱལ། བཀའ་དྲིན་མཚུངས་མེད་མཁན་ཆེན་བྱམས་པ་བསྟན་འཛིན་ཚུལ་ཁྲིམས། དེས་བདག་ཝཱ་གིནྡྲ་ཤཱི་ལ་དྷྭ་ཛ་ལའོ། །
དེས་བདག་གོ །ཡང༌། རྗེ་བཙུན་གྲགས་པ། གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་རིན་ཆེན་རྒྱལ་མཚན། བླ་མ་དམ་པའོ། །ཡང༌། འཕགས་པ་རིན་པོ་ཆེ། དབོན་དཀར་བ། དགའ་ལྡན་པ་ཀུན་བསོད་དོ། །གཞན་ཡང༌། རྡོ་རྗེ་སེམས་དཔའ། པདྨ་འབྱུང་གནས།